ཞུ་འབྱེད་ཚད།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:26ལ་འགྲུབ།

ཞུ་འབྱེད་ཚད།

ཞུ་འབྱེད་ཚད།
དྲོད་ཚད་ངེས་ཅན་འོག་ཏུ། སྲ་གཟུགས་དངོས་པོ་ཞིག་ཞུ་བྱེད་རྫས་ཁེ100ཡི་ནང་དུ་ཚད་ལོངས་རྣམ་པར་ཐོན་ཚེ་ཞུས་ཟིན་པའི་ཁེ་གྲངས་དེ་ལ། ཞུ་བྱེད་རྫས་དེའི་ནང་གི་དངོས་པོ་དེ་ཡི་ཞུ་འབྱེད་ཚད་ཟེར། དངོས་པོའི་ཞུ་འབྱེད་ཚད་དེ་དངོས་ལུགས་འགྱུར་འབྱུང་གི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
溶解度
ཕྱི་ཡིག་གི་མིང་།
solubility
སྤྱོད་ཡུལ།
རྫས་འགྱུར།
ཤུགས་རྐྱེན་ཐེབས་པའི་རྒྱུ།
དྲོད་ཚད། གནོད་དྲག ཞུ་བྱེད་རྫས་རིགས
1 ངོ་སྤྲོད།

འཚོ་བའི་ཁྲོད་དུ་མི་རྣམས་ལ་ཉམས་མྱོང་འདི་འདྲ་ཞིག་ཡོད་ངེས་ཡིན་ཏེ། བཏུང་ཆུའི་ནང་དུ་ཀ་ར་འཕེན་སྐབས། ཚོད་མེད་པར་འཕངས་ན། ཚད་ངེས་ཅན་ཞིག་ལ་ཐོན་རྗེས། ཀ་ར་མི་ཞུ་བ་རེད། དེ་བཞིན་དུ20℃ཡི་ཆུ་ཁེ100ནང་ལ་ཟེ་སྐྱུར་ཅཱ་བླུགས་ན། ཟེ་སྐྱུར་ཅཱ་ཡང་ཚད་མེད་པར་ཞུ་འབྱེད་བྱེད་མི་ཐུབ་པར། ཁེ31.6མ་གཏོགས་མི་ཞུ་པས། ཁེ131.6གི་ཟེ་སྐྱུར་ཅཱ་ཞུ་ཁུ་གྲུབ་པ་རེད། གལ་ཏེ། འདི་ལྟ་བུའི་ཆ་རྐྱེན་འོག་ཏུ་མུ་མཐུད་དུ་ཟེ་སྐྱུར་ཅཱ་བསྣན་ན། ཤེད་ཀྱིས་དཀྲུགས་ཀྱང་མང་དུ་བསྣན་པའི་ཟེ་སྐྱུར་ཅཱ་ཞུ་མི་ཐུབ།

མི་རྣམས་ཀྱིས་དྲོད་ཚད་ངེས་ཅན་ཞིག་གི་འོག་ཏུ། ཞུ་བྱེད་རྫས་ཚད་ངེས་ཅན་ནང་དུ་ཞུ་རྒྱུ་ག་གེ་མོ་ཞིག་མུ་མཐུད་ནས་ཞུ་འབྱེད་མི་བྱེད་པའི་ཞུ་ཁུ་དེ་ལ། དྲོད་ཚད་དེའི་ནང་གི་ཞུ་རྒྱུ་དེའི་ཚད་ལོངས་ཞུ་ཁུ་ཟེར། ད་རུང་ཞུ་རྒྱུ་ག་གེ་མོ་མུ་མཐུད་ནས་ཞུ་འབྱེད་བྱེད་ཐུབ་པའི་ཞུ་ཁུ་ལ་ཞུ་རྒྱུ་དེའི་ཚད་མ་ལོངས་པའི་ཞུ་ཁུ་ཟེར།

དྲོད་ཚད་ངེས་ཅན་འོག་ཏུ། སྲ་གཟུགས་དངོས་པོ་ཞིག་ཞུ་བྱེད་རྫས་ཁེ100ཡི་ནང་དུ་.pngཚད་ལོངས་རྣམ་པར་ཐོན་ཚེ་ཞུས་ཟིན་པའི་ཁེ་གྲངས་དེ་ལ། ཞུ་བྱེད་རྫས་དེའི་ནང་གི་དངོས་པོ་དེ་ཡི་ཞུ་འབྱེད་ཚད་ཟེར་བ་ཡིན། དཔེར་ན། 20℃ཡི་སྐབས་སུ། ཟེ་སྐྱུར་ཅཱ་ཡི་ཞུ་འབྱེད་ཚད་ནི་ཁེ31.6ཡིན་པ་ལྟ་བུ་རེད། དངོས་པོ་རིགས་སོ་སོའི་ཞུ་འབྱེད་ཚད་ལ་ཁྱད་པར་ཆེན་པོ་ཡོད། སྲ་གཟུགས་དངོས་པོ་མང་ཤས་ཀྱི་ཞུ་འབྱེད་ཚད་ནི་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་ཆེར་འགྲོ་བ་ཡིན། སྲ་གཟུགས་དངོས་རྫས་ཉུང་ཤས་ཤིག་གི་ཞུ་འབྱེད་ཚད་ལ་དྲོད་ཚད་ཀྱིས་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཆུང། དངོས་པོ་ཆེས་ཉུང་ཤས་སྟེ། དཔེར་ན་རྡོ་ཐལ་བཏུལ་མ་ལྟ་བུའི་ཞུ་འབྱེད་ཚད་ནི་དྲོད་ཚད་འཕར་བ་དང་བསྟུན་ནས་ཇེ་ཆུང་འགྲོ་བ་ཡིན།

ཞུ་འབྱེད་ལ་དངོས་ལུགས་འགྱུར་ལྡོག་ཡོད་པར་མ་ཟད། རྫས་འགྱུར་འགྱུར་ལྡོག་ཀྱང་ཡོད་པའི་གོ་རིམ་ཞིག་ཡིན། ཚད་ངེས་ཅན་གྱི་ཞུ་རྒྱུ་དེ་ཚད་ངེས་ཅན་གྱི་ཞུ་བྱེད་རྫས་ནང་དུ་ཞུས་ནས་བྱུང་བའི་ཚ་བའི་ནུས་སྣང་ལ། དངོས་པོ་དེ་ཉིད་ཀྱི་ཞུ་འབྱེད་ཚ་ཟེར། དཔེར་ན། ཟེ་སྐྱུར་ཨན་ཆུར་ཞུ་བར་ཚ་ཚད་བསྡུ་དགོས་པ་དང་། ཞུ་ཁུའི་དྲོད་ཚད་ཇེ་དམའ་རུ་གཏོང་དགོས་པ་དང་། ཟི་སྐྱུར་གར་པོ་ཆུའི་ནང་དུ་ཞུ་སྐབས་ཚ་མང་པོ་ཕྱིར་གཏོང་དགོས་པ་དང་། ཞུ་ཁུའི་དྲོད་ཚད་མངོན་གསལ་དུ་ཇེ་མཐོར་འགྲོ་བ་ལྟ་བུ་རེད། 

2 དངོས་པོའི་ཞུ་འབྱེད་ངོ་བོ།

ཞུ་འབྱེད་ངོ་བོ། ཞུ་འབྱེད་ཚད། 20℃

ཞུ་འབྱེད་སླ་བ། ཁེ10ལས་ཆེ་བའམ་འདྲ་མཚུངས་ཡིན་པ།

ཞུ་འབྱེད་བྱེད་པ། ཁེ1ལས་ཆེ་བའམ་འདྲ་མཚུངས་ཡིན་པ་དང་ཁེ10ལས་ཆུང་བ།

ཅུང་ཞུ་འབྱེད་བྱེད་པ།  ཁེ0.01ལས་ཆེ་བའམ་འདྲ་མཚུངས་ཡིན་པ་དང་ཁེ1ལས་ཆུང་བ།

ཞུ་འབྱེད་མི་བྱེད་པ། ཁེ0.01ལས་ཆུང་བ།