ཞུ་ཁུའི་སྐྱུར་བུལ་ཚད།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:25ལ་འགྲུབ།

ཞུ་ཁུའི་སྐྱུར་བུལ་ཚད།

ཞུ་ཁུའི་སྐྱུར་བུལ་ཚད།
སྐྱུར་བུལ་ཚད་ནི་ཆུའི་ཞུ་ཁུའི་ནང་སྐྱུར་བུལ་གྱི་ཚད་མཐོ་དམའ་དེར་ཟེར། pHབྲིན་གྱིས་མཚོན་པ་ཡིན། ཚ་ཤུགས་རིག་པའི་ཚད་གཞིའི་གནས་ཚུལ་འོག pH=7ཡིན་པའི་ཆུའི་གཤེར་ཁུ་ལ་ཞུ་ཁུ་མ་ནིང་གཤིས་ལྡན། pH<7ཡིན་པའི་གཤེར་ཁུ་ལ་སྐྱུར་གཤིས་ལྡན། pH>7ཡིན་པའི་གཤེར་ཁུ་ལ་བུལ་གཤིས་ལྡན། pHབྲིན་དེ0-14བར་ཡིན། གཤེར་ཁུ་སླ་པོར་བཀོལ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
酸碱度
ཕྱི་ཡིག་གི་མིང་།
pondus hydrogenii
མིང་གཞན།
ཆིང་གྱེས་རྡུལ་གྱི་གར་ཚད་གྲངས།
བསྡུས་མིང་།
pH
བཏོན་པའི་དུས་ཚོད།
སྤྱི་ལོ1909
རིགས་དབྱེ།
སྐྱུར་གཤིས། ཞུ་ཁུ་མ་ནིང་གཤིས། བུལ་གཤིས།
1 ངོ་སྤྲོད།

སྐྱུར་བུལ་ཚད་ནི་ཆུའི་ཞུ་ཁུའི་ནང་སྐྱུར་བུལ་གྱི་ཚད་མཐོ་དམའ་དེར་ཟེར། pHབྲིན་གྱིས་མཚོན་པ་ཡིན། ཚ་ཤུགས་རིག་པའི་ཚད་གཞིའི་གནས་ཚུལ་འོག pH=7ཡིན་པའི་ཆུའི་གཤེར་ཁུ་ལ་ཞུ་ཁུ་མ་ནིང་གཤིས་ལྡན། pH<7ཡིན་པའི་གཤེར་ཁུ་ལ་སྐྱུར་གཤིས་ལྡན། pH>7ཡིན་པའི་གཤེར་ཁུ་ལ་བུལ་གཤིས་ལྡན། pHབྲིན་དེ0-14བར་ཡིན། གཤེར་ཁུ་སླ་པོར་བཀོལ་བ་ཡིན།

གོ་དོན་མཚོན་ཚུལ་ནི།  

མཚོན་ཚུལ་ཁྲོད་ཀྱི[H+]ནི་བསྡུས་འབྲི་ཡིན་ལ། དོན་དངོས་སུ[H3O+]ཆུ་འདྲེས་ཆིང་གྱེས་རྡུལ་གྱི་གྲུང་ཚད་ཡིན། མཚོན་དོན་ནི་གཤེར་ཁུའི་ཁྲོད་ཆིང་གྱེས་རྡུལ་གྱི་གྲུང་ཚད་དེ་ཡིན། འཇལ་བྱེད་ནིmol·L-1

འགྲོ་བ་མི་རྣམས་ཞུ་ཁུའི་འཇིག་རྟེན་དུ་འཚོ་བཞིན་ཡོད། ཞུ་ཁུ་རིགས་གང་ཡིན་རུང་། དེའི་ནང་དུ་ཆིང་གྱེས་རྡུལ་དང་ཆིང་དབྱང་གཞི་གྱེས་རྡུལ་འདུས་ཡོད། ཞུ་ཁུའི་ནང་དུ་ཆིང་གྱེས་རྡུལ་གྱི་གར་ཚད་དེ་ཆིང་དབྱང་གཞི་གྱེས་རྡུལ་གྱི་གར་ཚད་ལས་མཐོ་བའི་སྐབས་སུ། ཞུ་ཁུ་སྐྱུར་གཤིས་ཡིན། དེ་ལས་ལྡོག་ན་ཞུ་ཁུ་བུལ་གཤིས་ཡིན། རྫས་བཟོ་ཐོན་སྐྱེད་ཁྲོད་ཞུ་ཁུའི་སྐྱུར་བུལ་ཚད་བཅལ་དེ་རྫས་འགྱུར་འགྱུར་འབྱུང་ཚད་ག་འདྲ་སླེབས་ངེས་ཡིན་པ་ཐག་གཅོད་ཀྱིན་ཡོད། ཚན་རིག་ཞིབ་འཇུག་པ་རྣམས་ཀྱིས་ཞུ་ཁུའི་སྐྱུར་བུལ་ཚད་བཅལ་བ་ལས། དངོས་བཤེར་གྱི་ཚད་ཐིག་དང་དེ་ལེགས་འགྲུབ་བྱེད་མིན་ཁ་ཚོན་གཅོད་ཐུབ། ཞིང་ལས་ཚན་རྩལ་མི་སྣ་དང་ཞིང་པ་རྣམས་ཀྱིས་ཀྱང་ས་ཞིང་གི་སྐྱུར་བུལ་ཚད་ལ་སེམས་ཁུར་བྱེད་ཀྱིན་ཡོད། སྐྱུར་གཤིས་ས་རྒྱུ་དྲག་པོའམ་བུལ་གཤིས་ས་རྒྱུ་དྲག་པོའི་ནང་དུ་ལོ་ཏོག་སྐྱེས་དཀའ། སྨན་པས་རྒྱུན་དུ་ནད་པའི་ལུས་གཤེར་སྣ་ཚོགས་ཀྱི་སྐྱུར་བུལ་ཚད་ལ་བལྟས་ནས་ནད་བརྟག་པར་མ་ཟད། ལུས་གཤེར་གྱི་སྐྱུར་བུལ་ཚད་སྙོམས་སྒྲིག་བྱེད་པར་བརྟེན་ནས་ནད་སྨན་བཅོས་བྱེད་པ་ཡིན་པས། ཞུ་ཁུའི་སྐྱུར་བུལ་ཚད་ནི་ཐོན་སྐྱེད་དང་འཚོ་བར་དམ་དུ་འབྲེལ་ཡོད།

.png

2 མཚོན་བྱེད།

ཞུ་ཁུའི་སྐྱུར་བུལ་ཚད་ནི་རྒྱུན་པར PH བཀོལ་ནས་མཚོན། བྲིན0~14བར་ལེན་པ་ཡིན། ཞུ་ཁུའིPHབྲིན་འཇལ་ཐབས་ནི་ཡོངས་ཁྱབPHཚོད་ཤོག་སྤྱོད་བཞིན་ཡོད། PHཚོད་ཤོག་ཅིག་བླངས་ནས། སྟེང་དུ་འཇལ་བྱའི་ཐིགས་པ་བཏིག་རྗེས། ཚོད་ཤོག་ལས་མངོན་པའི་མདོག་དང་ཚད་ལྡན་མདོག་སྡུར་བྱང་བུ་གཉིས་བསྡུར་ན། འཇལ་བྱའི་གཤེར་ཁུའིPHབྲིན་ཤེས་ཐུབ་པས། བྱེད་ཐབས་དེ་སླ་ཞིང་མགྱོགས་པ་ཡིན། ཚན་རིག་ལས་ཚད་འཇལ་བྱས་པ་ལྟར་ན། ལོ་ཏོག་སྐྱེ་བར་འཚམ་པའི་ས་རྒྱུའིPHབྲིན་ནི4~5བར་ཡིན། མི་རྣམས་ཀྱིས་ཟ་བའི་ཟས་རིགས་ཀྱི་སྐྱུར་བུལ་ཚད་མི་འདྲ་སྟེ། ཚུའུ་ཡིPHབྲིན་ནི2.4~3.4ཡིན་པ་དང་། ཀྲོ་མ་ཀྲུ་ནི4.0~4.4ཡིན། བྱ་སྒོང་གི་དྭངས་ཁུ་ནི7.6~8.0ཡིན། མ་རྨོས་ལོ་ཏོག་གི་སྐྱོ་མ་ནི6.8~8.0ཡིན། མིའི་ཁྲག་གིPHབྲིན་ནི་ཕལ་ཆེ་བ7.39~7.41བར་ཡིན། འགུལ་སྐྱོད་ཀྱི་རྗེས་སུ་ཁྲག་གི་སྐྱུར་ཚད་ཇེ་མཐོར་འགྲོ་བ་དང་། ཆུ་ཚོད་འགར་ངལ་གསོ་བྱས་རྗེས་རྒྱུན་ལྡན་གྱི་ཚད་ལ་སླར་གསོ་བྱེད་ཐུབ།