འགྱུར་སྐུལ་བྱེད་རྫས།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:02ལ་འགྲུབ།

འགྱུར་སྐུལ་བྱེད་རྫས།

འགྱུར་སྐུལ་བྱེད་རྫས།
རྫས་འགྱུར་འགྱུར་འབྱུང་ཁྲོད་དུ་དངོས་པོ་གཞན་པའི་རྫས་འགྱུར་འགྱུར་འབྱུང་གི་མྱུར་ཕྱོད་བསྒྱུར་ཐུབ་པ་དང་རྫས་འགྱུར་དོ་མཉམ་ལ་འགྱུར་བ་མི་བྱེད། རང་སྟེང་གི་སྤུས་ཚད་དང་རྫས་འགྱུར་ངོ་བོ་ནི་རྫས་འགྱུར་འགྱུར་འབྱུང་གི་སྔ་གཞུག་གཉིས་སུ་འགྱུར་མེད་པའི་དངོས་པོ་ལ་འགྱུར་སྐུལ་བྱེད་རྫས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
催化剂
ཕྱི་ཡིག་གི་མིང་།
Catalyst
མིང་གཞན།
འགྱུར་སྐུལ་རྫས།
དུས་ཚོད།
སྤྱི་ལོ1981
གསལ་བྱེད།
འགྱུར་འབྱུང་རྫས་ཀྱི་འགྱུར་འབྱུང་མྱུར་ཕྱོད་བསྒྱུར་པ།
1 ངོ་སྤྲོད།

རྫས་འགྱུར་འགྱུར་འབྱུང་ཁྲོད་དུ་དངོས་པོ་གཞན་པའི་རྫས་འགྱུར་འགྱུར་འབྱུང་གི་མྱུར་ཕྱོད་བསྒྱུར་ཐུབ་པ་དང་རྫས་འགྱུར་དོ་མཉམ་ལ་འགྱུར་བ་མི་བྱེད། རང་སྟེང་གི་སྤུས་ཚད་དང་རྫས་འགྱུར་ངོ་བོ་ནི་རྫས་འགྱུར་འགྱུར་འབྱུང་གི་སྔ་གཞུག་གཉིས་སུ་འགྱུར་མེད་པའི་དངོས་པོ་ལ་འགྱུར་སྐུལ་བྱེད་རྫས་ཟེར། སྡོམ་རྩིས་བྱས་པ་ལྟར་ན90%བཟོ་གྲྭ་རྣམས་ཀྱིས་འགྱུར་སྐུལ་རྫས་བཀོལ་བཞིན་ཡོད།

2 ངོ་བོ།

ཁིལ་སྐྱུར་ཅཱ་དང་དབྱང་གཉིས་མཱན་རྫས་ཀྱི་མཉམ་བསྲེས་རྫས་ལ་ཚ་སྣོན་བྱས་ནས་དབྱང་རླུང་བཟོ་བའི་འགྱུར་འབྱུང་ཁྲོད་དུ། དོན་དངོས་སུ་དབྱེ་འབྱེད་བྱེད་པ་ནི་ཁིལ་སྐྱུར་ཅཱ་ཡིན། དབྱང་གཉིས་མཱན་རྫས་ལ་དྲོད་ཚད་ཅུང་དམའ་མོའི་འོག་ཁིལ་སྐྱུར་ཅཱ་ལ་མྱུར་དུ་དབྱང་རླུང་ཕྱིར་གཏོང་དུ་འཇུག་པའི་ནུས་པ་ཡོད། དེ་ནི་འགྱུར་སྐུལ་བྱེད་རྫས་ཀྱི་ནུས་པ་བཏོན་པ་ཡིན། འགྱུར་སྐུལ་བྱེད་རྫས་བཀོལ་བ་དེས་རྫས་འགྱུར་བཟོ་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་། འདྲེས་གྲུབ་ཨེམ་དང་། རྡོ་སྣུམ་གས་འབྱེད། རྫས་འགྱུར་ཚི་སྣ། འདུས་གྲུབ་འགྱིག སྤོས་འགྱིག་བཅས་ཀྱི་ཐོན་སྐྱེད་ནི་འགྱུར་སྐུལ་བྱེད་རྫས་དང་འབྲལ་ཐབས་མེད། མིའི་ཚེ་སྲོག་འགུལ་སྐྱོད་ཀྱང་འགྱུར་སྐུལ་བྱེད་རྫས་དང་འབྲལ་མི་རུང་བ་ཡིན། ཟས་རིགས་ནང་གི་བསིང་ཕྱེ་དང་སྤྲི་དཀར་རྫས་ནི་དམིགས་བསལ་འགྱུར་སྐུལ་བྱེད་རྫས་རྩབས་ཀྱི་བྱེད་ནུས་ལ་བརྟེན་ནས་རྒུན་འབྲུམ་ཧྭགས་དང་ཨེམ་རྨང་སྐྱུར་དུ་ཆུ་འབྱེད་བྱས་ན། ད་གཟོད་ལུས་པོས་སྡུད་ཐུབ།