སྤུས་ཚད་བརྟན་སྲུང་ངེས་སྲོལ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-03-17 11:48ལ་འགྲུབ།

སྤུས་ཚད་བརྟན་སྲུང་ངེས་སྲོལ།

སྤུས་ཚད་བརྟན་སྲུང་ངེས་སྲོལ།
ངེས་སྲོལ་འདི་ནི་ཨུ་རུ་སུའི་ཚན་རིག་པM.V.ལུའོ་མེང་ནུའོ་སུའོ་ཧྥུའུ་ཡིས་སྤྱི་ལོ1756ལོར་ཐོག་མར་བཏོན་པ་ཡིན་ལ། ཧྥ་རན་སེའི་རྫས་འགྱུར་རིག་པའི་མཁས་པA.L.ལྭ་ཝ་ཞི་ཡིས་ཀྱང་དངོས་བཤེར་གང་མང་བྱས་ཏེ། རྫས་འགྱུར་འགྱུར་འབྱུང་ཁྲོད་འགྱུར་འབྱུང་སྔོན་ཀྱི་དངོས་པོའི་སྤུས་ཚད་དང་འགྱུར་འབྱུང་རྗེས་གྲུབ་པའི་དངོས་པོའི་སྤུས་ཚད་གཉིས་གཅིག་མཚུངས་ཡིན་པ་ཤེས། འགྱུར་འབྱུངA+B=C+Dཁྲོད་འགྱུར་འབྱུང་རྫསA+Bགཉིས་ཀྱི་སྤུས་ཚད་དང་གྲུབ་པའི་རྫསC+Dགཉིས་ཀྱི་སྤུས་ཚད་འདྲ་མཚུངས་ཡིན་པའི་གཏན་སྲོལ་འདི་ལ་སྤུས་ཚད་གཏན་སྲུང་ངེས་སྲོལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
质量守恒定律
ཕྱི་ཡིག་གི་མིང་།
Law of conservation of mass
མིང་གཞན།
དངོས་པོ་མི་འཇིག་པའི་ངེས་སྲོལ།
འབྲི་ཚུལ་གཞན།
རྒྱུ་འབོར་བརྟན་སྲུང་གཏན་སྲོལ།
འདོན་མཁན།
ལུའོ་མེང་ནུའོ་སུའོ་ཧྥུའུ།
བཏོན་པའི་དུས་ཚོད།
སྤྱི་ལོ1756
སྤྱོད་བྱའི་བསླབ་ཚན།
རྫས་འགྱུར།
1 ངོ་སྤྲོད།

སྤུས་ཚད་འདི་ནི་ཨུ་རུ་སུའི་ཚན་རིག་པM.V.ལུའོ་མེང་ནུའོ་སུའོ་ཧྥུའུ་ཡིས་སྤྱི་ལོ1756ལོར་ཐོག་མར་བཏོན་པ་ཡིན་ལ། ཧྥ་རན་སེའི་རྫས་འགྱུར་རིག་པའི་མཁས་པA.L.ལྭ་ཝ་ཞི་ཡིས་ཀྱང་དངོས་བཤེར་གང་མང་བྱས་ཏེ། རྫས་འགྱུར་འགྱུར་འབྱུང་ཁྲོད་འགྱུར་འབྱུང་སྔོན་ཀྱི་དངོས་པོའི་སྤུས་ཚད་དང་འགྱུར་འབྱུང་རྗེས་གྲུབ་པའི་དངོས་པོའི་སྤུས་ཚད་གཉིས་གཅིག་མཚུངས་ཡིན་པ་ཤེས། འགྱུར་འབྱུངA+B=C+Dཁྲོད་འགྱུར་འབྱུང་རྫསA+Bགཉིས་ཀྱི་སྤུས་ཚད་དང་གྲུབ་པའི་རྫསC+Dགཉིས་ཀྱི་སྤུས་ཚད་འདྲ་མཚུངས་ཡིན་པའི་གཏན་སྲོལ་འདི་ལ་སྤུས་ཚད་གཏན་སྲུང་ངེས་སྲོལ་ཟེར།

.png

2 ཞིབ་འཇུག་གི་བརྒྱུད་རིམ།

སྤྱི་ལོ1756ལོར། ཨུ་རུ་སུའི་ཚན་རིག་པM.V.ལུའོ་མེང་ནུའོ་སུའོ་ཧྥུའུ་ཡིས་གཤའ་ཞིག་སྣོད་ནང་བཞག་སྟེ་ཁ་དམ་པོར་གཏན་རྗེས་བསྲེགས་པ་ན། དབྱང་གཤའ་རྫས་དཀར་པོ་ཞིག་གྲུབ། རྫས་འགྱུར་རྒྱ་མ་ཞིབ་མོའི་སྟེང་དུ་ཚད་བཅལ་བ་ན། སྣོད་དང་སྣོད་ནང་གི་དངོས་པོའི་སྤུས་ཚད་ནི་སྲེག་པའི་སྔ་གཞུག་གཉིས་སུ་འགྱུར་ལྡོག་ཅི་ཡང་བྱུང་མེད་པ་ཤེས། རྗེས་སུ་ཁོས་ལོ་ངོ5རིང་ལ་དངོས་བཤེར་ཡང་ཡང་བྱས་ཀྱང་། ཐོབ་པའི་མཇུག་འབྲས་གཅིག་མཚུངས་ཡིན། བསམ་བློ་གཏོང་མཁས་ཤིང་། རྨོངས་དད་མི་བྱེད་པའི་ཨུ་རུ་སུའི་ན་གཞོན་འདིས་དངོས་བཤེར་གྱི་འབྲས་བུ་ལ་བརྟེན་ནས་ཁོའི་འཇར་མན་གྱི་དགེ་རྒན་ཆེན་མོ་ཨོར་ཧྥུའུ་ཡི་འབར་རྒྱུ་སྨྲ་བ་ཞེས་པའི་ནོར་འཁྲུལ་གྱི་ལྟ་བ་ལ་འགྲན་བསླངས་ཤིང་། རང་བྱུང་ཁམས་སུ་སྤུས་ཚད་གཏན་སྲུང་ངེས་སྲོལ་གནས་ཡོད་པ་བདེ་དཔང་བྱས། ངེས་སྲོལ་འདི་ནི། རྫས་འགྱུར་འགྱུར་ལྡོག་གིས་དངོས་པོའི་གྲུབ་ཆ་བསྒྱུར་པ་ལས་དངོས་པོ་གསར་བསྐྲུན་བྱེད་མི་ཐུབ་ལ། དངོས་པོ་འཇིག་པར་བྱེད་མི་ནུས་པ་དང་། ཡང་གཅིག་བཤད་ན་རྫས་འགྱུར་འགྱུར་འབྱུང་ལ་ཞུགས་པའི་དངོས་པོ་སྣ་ཚོགས་ཀྱི་སྤུས་ཚད་སྤྱི་ནི། འགྱུར་འབྱུང་བྱས་རྗེས་གྲུབ་པའི་དངོས་པོ་སྣ་ཚོགས་ཀྱི་སྤུས་ཚད་སྤྱི་དང་མཚུངས་པ་ཡིན། སྤྱི་ལོ1777ལོར་ཧྥ་རན་སེའི་རྫས་འགྱུར་རིག་པའི་མཁས་པA.L.ལྭ་ཝ་ཞི་ཡིས་ཀྱང་དེ་ལྟ་བུའི་དངོས་བཤེར་བྱས་ཏེ། རྫས་འགྱུར་འགྱུར་འབྱུང་གི་རྗེས་སུ་དངོས་པོའི་སྤུས་ཚད་ནི་གཏན་སྲུང་ཡིན་པ་ཤེས། སྤྱི་ལོ1908ལོར་འཇར་མན་གྱི་རྫས་འགྱུར་རིག་པའི་མཁས་པH.Hལན་ཏུའོ་ཨེར་ཐའེ་དང་སྤྱི་ལོ1912ལོར་དབྱིན་ཇིའི་རྫས་འགྱུར་རིག་པའི་མཁས་པJ.J.མན་ལེ་གཉིས་ཀྱིས་ཀྱང་རྒྱ་མ་བཀོལ་ནས་རྫས་འགྱུར་འགྱུར་འབྱུང་གི་སྔ་གཞུག་གཉིས་ཀྱི་སྤུས་ཚད་འབྲེལ་བར་ཞིབ་འཇུག་ཞིབ་མོ་བྱས་ཏེ། ཚང་མས་སྤུས་ཚད་གཏན་སྲུང་ངེས་སྲོལ་གྱི་ཡང་དག་རང་བཞིན་ཁས་ལངས། དུས་རབས20པ་ནས་བཟུང་། མ་རྡུལ་ཉིང་ཚན་རིག་གོང་དུ་འཕེལ་བ་དང་བསྟུན་ནས། ཚན་རིག་པ་རྣམས་ཀྱིས་དངོས་པོའི་སྤུས་ཚད་དང་ནུས་ཚད་ཕན་ཚུན་འབྲེལ་ཡོད་པས། སྤུས་ཚད་གཏན་སྲུང་དང་ནུས་ཚད་གཏན་སྲུང་ཟུང་དུ་འབྲེལ་ཞིང་། དེར་སྤུས་ཚད་གཏན་སྲུང་ངེས་སྲོལ་ཟེར།