བན་དེ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-06-22 09:47ལ་འགྲུབ།

བན་དེ།

བན་དེ།
༡ སངས་རྒྱས་ཆོས་ལུགས་པའི་བཙུན་པའི་མིང་། ༢ བཙུན་པ་ཆུང་ངུའི་མིང་། ༣ ཚིག་བསྡུས་ན་བན་ཞེས་འབྲི་ཆོག
1 ལོ་ཙཱ།

རྒྱ་ཡིག 佛教僧侣

དབྱིན་ཡིག monk

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①སངས་རྒྱས་ཆོས་ལུགས་པའི་བཙུན་པའི་མིང་། ②བཙུན་པ་ཆུང་ངུའི་མིང་། ③ཚིག་བསྡུས་ན་བན་ཞེས་འབྲི་ཆོག་སྟེ། བན་རྒན་ཆོས་ལ་དྲེད་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་པའི་མིང་།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [ལེགས]སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན། 佛人。佛教僧侣。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག བནྡེའི་འབྲི་ཚུལ་གཞན།