བགས།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བགས།

རིམ་བཞིན་ནམ་རིམ་གྱིས་ཞེས་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 渐次,逐渐

དབྱིན་ཡིག step-by step, gradually

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།བསྣན་ཚིག)ཚད་དལ་བ་སྟེ། ལུས་ཕུང་བགས་ཀྱིས་རྒྱས། ནད་པ་བགས་ཀྱིས་སོས། ཟས་བགས་ཀྱིས་ཟ་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  རིམ་བཞིན་ནམ་རིམ་གྱིས།  རྒྱུན་ཆགས་བརྩོན་པ་མ་བཏང་བར། བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། གྲོགས་བཟང་གསེར་གྱི་སྦྲམ་བུ་དང་འདྲ་འགོ་བ་དཀའ་བ།  གྲོགས་ངན་སྦུར་མ་དང་འདྲ་བ་དེ་བགས་ཀྱིས་འགོ  ལུས་ཕུང་བགས་ཀྱིས་རྒྱས།  ནད་པ་བགས་ཀྱིས་སོས། 

3. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  རིམ་བཞིན་ནམ་རིམ་གྱིས། 副词。渐次,逐渐,缓慢:རྒྱུན་ཆགས་བརྩོན་པ་མ་བཏང་བར། བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། 经常勤勉不放松,渐次进行万事成。གྲོགས་བཟང་གསེར་གྱི་སྦྲམ་བུ་དང་འདྲ་འགོ་བ་དཀའ་བ། གྲོགས་ངན་སྦུར་མ་དང་འདྲ་བ་དེ་བགས་ཀྱིས་འགོ། 良友难染似金条,恶朋易污如杂草。ལུས་ཕུང་བགས་ཀྱིས་རྒྱས། 身体逐渐发胖。ནད་པ་བགས་ཀྱིས་སོས། 病人渐次复原。ཟས་བགས་ཀྱིས་ཟ། 食物要慢慢吃。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  བསྣན་ཚིག  རིམ་བཞིན་ནམ་རིམ་གྱིས་ཞེས་པའི་དོན་ཏེ། དཔེར་ན། ལུས་ཕུང་བགས་ཀྱིས་རྒྱས། བྱ་བ་བགས་ཀྱིས་བསྒྲུབས། རི་དྭགས་བགས་ཀྱིས་རྒྱུ་ལྟ་བུ།