བགསྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག

༡ རྣལ་མ་དང་རང་གཤིས་ཀྱི་དོན། ༢ དཔའ་ངར་དང་སྙིང་སྟོབས་ཀྱི་མིང་། ༣ ཉེས་པ་དང་སྐྱོན་ལ་འཛེམས་པའི་སྤྱོད་སྟངས་ཀྱི་མིང་། ༤ ཚད་ཉུང་ངུའི་མིང་། ༥ འབྲུ་རིགས་བཏགས་པའི་ཕྱེའི་མིང་། ༦ མི་མངོན་པའི་ས། ༧ བག་མ་ཞེས་པའི་ཚིག་བསྡུས་པ།
1 ལོ་ཙཱ།

རྒྱ་ཡིག 意味,知羞,少许,面粉,污垢

དབྱིན་ཡིག 1.flour 2.virtuous, moral 3.a bit, a hint of 4.bride 5.mahjong

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①རྣལ་མ་དང་རང་གཤིས་སོགས་ཀྱི་དོན་ཏེ། སེམས་བག་ཕབ་ནས་རིག་གནས་བསླབས་ལྟ་བུ། ②དཔའ་ངར་དང་སྙིང་སྟོབས་ཀྱི་མིང་སྟེ། དགྲ་བོ་སྐྲག་ནས་བག་འཁུམས་ལྟ་བུ། ③ཉེས་པ་དང་སྐྱོན་ལ་འཛེམས་པའི་སྤྱོད་སྟངས་ཀྱི་མིང་སྟེ། བག་དང་ལྡན་པ། བག་མེད་མ་བྱེད་ལྟ་བུ། ④ཚད་ཉུང་ངུའི་མིང་སྟེ། སྨན་བག་ཙམ་བསྟེན། ཚྭ་བག་ཙམ་བསྣན། ཟས་བག་རེ་ཟོས་ལྟ་བུ། ⑤འབྲུ་རིགས་བཏགས་པའི་ཕྱེའི་མིང་སྟེ། གོ་རེ་ལ་བག་ལེབ་དང་། ཕྱེའི་ལྡེ་གུ་ལ་བག་སྐྱོ། ཕྱེའི་ཐུག་པ་ལ་བག་ཐུག་ཟེར་བ་སོགས་ལྟ་བུ། ⑥མི་མངོན་པའི་ས་སྟེ། མི་རྒས་ན་རིག་པ་བག་ལ་ཞ་ལྟ་བུ། ⑦བག་མ་ཞེས་པའི་ཚིག་བསྡུས་པ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། 〔མིང་ཚིག〕 ཤོ་མིག་གི་གྲངས་བསྒྲིགས་ནས་བཟོས་པའི་གནའ་བོའི་རྩེད་ཆས་ཤིག་དབྱིབས་གྲུ་བཞི་ཡིན་པའི་ཆ་ནས་བཏགས་པའི་མིང་ཡིན།  སྤྱིར་བག་ལ་རིགས་ཀྱི་སྡེ་ཚན་གཉིས་ཏེ་གནམ་སྡེ་དང་།  ས་སྡེ་གཉིས་སུ་ཕྱེས་ཡོད་ཅིང༌།བསྡོམས་པས༦༤ཡོད། བྱེ་བྲག་སྡེ་ཚན་སོ་སོ་ལའང་རིགས་དང་རིམ་པའི་དབྱེ་བ་ཡོད་པ་རེད། དང་པོ། གནམ་གྱི་སྡེ་ཚན། གནམ་གྱི་སྡེ་ཚན་ལ་རིམ་པ་དྲུག་དང་རིགས་བཅུ་གཅིག  བག༤༤བཅས་ཡོད། ༡ རིམ་པ་དང་པོ། ཁྲ། མིང་གཞན༌། ཐན། མི་སུ་ཞིག་ལ་འདི་བཞི་ཆ་ཐོ་ཚེ་གཞན་གསུམ་པོ་ལ་ཐན་སྟོན་ཅིང་ཡོད་པས་སོ།། ༢ རིམ་པ་གཉིས་པ། ཏིག  བརྡ་རྙིང་དུ་མེ་ཏོག་གི་དོན་ཡིན། ༣ རིམ་པ་གསུམ་པ། དམར། ༤ རིམ་པ་བཞི་པ། བྱ། ༥ རིམ་པ་ལྔ་པ། བཅུ་དཀར། ཅོག་ཙེ། མཁྲང་རུ། བརྡ་རྙིང་དུ་དབྱུག་པའི་དོན། ༦ རིམ་པ་དྲུག་པ། ཀོབ་དྲུག ཡུལ་སྐད་དུ་ཕོ་མཚན་ཉམས་པའི་མིའི་མིང༌། ཕག་བདུན། ཟིལ་ཆུ། ཧུ་ཐུ། གཉིས་པ། སའི་སྡེ་ཚན། སའི་སྡེ་ཚན་ལ་རིགས་དྲུག་དང་རིམ་པ་དྲུག་བག་༢༠ཡོད། དམིགས་བསལ་གྱི་སྦྱོར་སྡེ་གསུམ་ཡོད་པར། ༡ རིམ་པ་དང་པོ། དགུ།  ༢ རིམ་པ་གཉིས་པ།  པགས།  རིམ་པ་གསུམ་པ། ཚིལ།  ༤ རིམ་པ་བཞི་པ། སྦྱང་མ། ༥ རིམ་པ་ལྔ་པ།  འུག་པ། ༦ རིམ་པ་དྲུག་པ། སྤྱང་བུ། མིང་གཞན་རྐང་གླིང༌ཟེར།  དམིགས་བསལ་གྱི་སྦྱོར་སྡེ། ❶ མ་བུ་བསྡེབས་པར།ཇིང༌། ❷ མ་དང་ཚིལ་འཁྱོག་བསྡེབས་པར། མ་བདུན། འདི་ལ་རྟ་ཆེན་ཡང་ཟེར།  ❸ བུ་དང་འུག་བཤན་བསྡེབས་པར། བུ་ལྔ།  ཞོ་རྟིས་ཡང་ཟེར། ❹ མ་བདུན་དང་བུ་ལྔ་བཞི་བསྒྲིགས་ལ་རྟ་བཤའ་ཟེར། ② ངོ་ཚའམ་འཛེམས་ཆ།  བག་ཡོད།  བག་མེད། ③ཅུང་ཟད།  ཟས་བག་ཙམ་བཟས།  ④ཟན་གྲོ་ཞིབ་ལྟ་བུ།  ⑤དྲི་མའམ་གཡའ།  དྲི་བག  ནད་བག  

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   名词。[1]བློ་ཉམས། 意味,意趣:བག་དོག་པོ། 心窄。བག་ཡངས། 心宽。[2]ངོ་ཚའམ་འཛེམས་ཆ། 知羞,有所顾忌:བག་ཡོད། 安分,不放逸。བག་མེད། 放荡不羁。[3]ཅུང་ཟད། 少许,微量:ཟས་བག་ཙམ་བཟས། 吃少许东西。[4]ཟན་གྲོ་ཞིབ་ལྟ་བུ། 面粉。[5]དྲི་མའམ་གཡའ། 气味,污垢:དྲི་བག气味。ནད་བག 病毒。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག 1 ཤོ་མིག་གི་གྲངས་བསྒྲིགས་ནས་བཟོས་པའི་གནའ་བོའི་རྩེད་ཆས་ཤིག དབྱིབས་གྲུ་བཞི་ཡིན་པའི་ཆ་ནས་བཏགས་པའི་མིང་ཡིན། སྤྱིར་བག་ལ་རིགས་ཀྱི་སྡེ་ཚན་གཉིས་ཏེ་གནམ་སྡེ་དང་། ས་སྡེ་གཉིས་སུ་ཕྱེས་ཡོད་ཅིང༌། བསྡོམས་པས་རེ་དྲུག་ཡོད། བྱེ་བྲག་སྡེ་ཚན་སོ་སོ་ལའང་རིགས་དང་རིམ་པའི་དབྱེ་བ་ཡོད་པ་རེད། དང་པོ། གནམ་གྱི་སྡེ་ཚན། གནམ་གྱི་སྡེ་ཚན་ལ་རིམ་པ་དྲུག་དང་རིགས་བཅུ་གཅིག བག་ཞེ་བཞི་བཅས་ཡོད། རིམ་པ་དང་པོ། ཁྲ། མིང་གཞན། ཐན། མི་སུ་ཞིག་ལ་འདི་བཞི་ཆ་ཐོ་ཚེ་གཞན་གསུམ་པོ་ལ་ཐན་སྟོན་ཞིང་ཡོད་པས་སོ། །རིམ་པ་གཉིས་པ། ཏིག བརྡ་རྙིང་དུ་མེ་ཏོག་གི་དོན་ཡིན། རིམ་པ་གསུམ་པ། དམར། རིམ་པ་བཞི་པ། བྱ། རིམ་པ་ལྔ་པ། བཅུ་དཀར། ཅོག་ཙེ། མཁྲང་རུ། བརྡ་རྙིང་དུ་དབྱུག་པའི་དོན། རིམ་པ་དྲུག་པ། ཀོབ་དྲུག ཕག་བདུན། ཟིལ་ཆུ། ཧུ་ཐུ། གཉིས་པ། སའི་སྡེ་ཚན། སའི་སྡེ་ཚན་ལ་རིགས་དྲུག་དང་རིམ་པ་དྲུག་བག་ཉི་ཤུ་ཡོད། དམིགས་བསལ་གྱི་སྦྱོར་སྡེ་གསུམ་ཡོད་པར། རིམ་པ་དང་པོ། དགུ། རིམ་པ་གཉིས་པ། པགས། རིམ་པ་གསུམ་པ། ཚིལ། རིམ་པ་བཞི་པ། སྦྱང་མ། རིམ་པ་ལྔ་པ། འུག་པ། རིམ་པ་དྲུག་པ། སྤྱང་བུ། མིང་གཞན་རྐང་གླིང༌ཟེར། དམིགས་བསལ་གྱི་སྦྱོར་སྡེ། མ་བུ་བསྡེབས་པར། ཇིང༌། མ་དང་ཚིལ་འཁྱོག་བསྡེབས་པར། མ་བདུན། འདི་ལ་རྟ་ཆེན་ཡང་ཟེར། བུ་དང་འུག་བཤན་བསྡེབས་པར། བུ་ལྔ། ཞོ་རྟིས་ཡང་ཟེར། མ་བདུན་དང་བུ་ལྔ་བཞི་བསྒྲིགས་ལ་རྟ་བཤའ་ཟེར། 2 ངོ་ཚའམ་འཛེམ་ཆའི་དོན་ཏེ། དཔེར་ན། བག་མེད་ཀྱི་བྱ་སྤྱོད། བག་ཡོད་ཚུལ་མཐུན་ལྟ་བུ། 3 འབྲུ་རིགས་བཏགས་པའི་ཕྱེའི་མིང་། དཔེར་ན། བག་ལེབ། བག་ཐུག་ལྟ་བུ། 4 སེམས་སམ་བློ་ཉམས་ཏེ། དཔེར་ན། མི་བློ་བུག་དོག་པོ་ཅན། མི་བག་ཡངས་ལྟ་བུ།  5 ནག་ནོག་གི་དྲི་མའམ་གཡའ་སྟེ། དཔེར་ན། བག་དང་འདྲེས་པ། ནད་བག་ལྟ་བུ།  6 མངོན་གསལ་མིན་པའམ། མི་མངོན་པའི་ས་སྟེ། དཔེར་ན། དབང་པོའི་ནུས་པ་བག་ལ་ཞ། བག་འཁུམས་ལྟ་བུ།  7 བོད་ཀྱི་རུས་རྒྱུད་ཅིག་གི་མིང་ལའང་འཇུག་སྟེ། དཔེར་ན། དེབ་ཐེར་སྔོན་པོ་ལས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཞེས་འབྱུང་བ་ལྟ་བུ། བསྣན་ཚིག   ཕྲན་བུའམ་ཅུང་ཟད་ཀྱི་དོན་ཏེ། དཔེར་ན། ངལ་གསོ་བག་ཙམ་བྱས། ཟས་བག་ཙམ་བཟས་ཞེས་པ་ལྟ་བུ།