བག་ལ་ཉལ་བ།(བག་ལ་ཉལ)སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་ལ་ཉལ་བ།(བག་ལ་ཉལ)

ལྐོག་ཏུ་གྱུར་པའམ་མི་མངོན་པར་གནས་པ།
1 ལོ་ཙཱ།

རྒྱ་ཡིག 隐匿,潜伏

དབྱིན་ཡིག latent, tendency, predisposition

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  མི་མངོན་པར་གནས་པ་སྟེ། ཞེ་སྡང་བག་ལ་ཉལ། བག་ལ་ཉལ་བའི་ནད། ནད་བག་ལ་ཉལ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས། ཡིབ་པའམ་ལྐོག་ཏུ་གནས་པ།  隐伏,不显现。【增】随眠(佛)。﹝本﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  མི་མངོན་པར་གནས་པ་སྟེ།  ཞེ་སྡང་བག་ལ་ཉལ།  བག་ལ་ཉལ་བའི་ནད།  ནད་བག་ལ་ཉལ་བ།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ལྐོག་ཏུ་གྱུར་པའམ་མི་མངོན་པར་གནས་པ། 隐匿,潜伏。佛书译为随眠:བག་ཉལ་གྱི་སྡིག་པ། 随眠罪。བག་ལ་ཉལ་གྱི་ཉོན་མོངས་པ། 随眠烦恼。增长后一刹那烦恼的种子。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག  མི་མངོན་པའམ་ལྐོག་ཏུ་གྱུར་པའི་རྣམ་པ་སྟེ།  དཔེར་ན། བག་ལ་ཉལ་བའི་སེམས། བག་ལ་ཉལ་བའི་འཁོན་སེམས། བག་ལ་ཉལ་བའི་འདུ་ཤེས། བག་ལ་ཉལ་བའི་ཞེ་སྡང་ལྟ་བུ།