རྒྱ་ཡིག 学派,教派,宗派
དབྱིན་ཡིག religious sect, denomination
1.དག་ཡིག་གསར་བསྒྲིགས་ལས། མཚན་ཉིད་རིག་པའི་ཐད་རང་གི་བློ་ངོར་ཐག་བཅད་པའི་ལྟ་ཚུལ་གྱི་མིང་སྟེ། གྲུབ་མཐའ་སྨྲ་བ། གྲུབ་མཐའ་རྒྱུད(སེམས)བསླད་པ་ཞེས་པ་ལྟ་བུ།
2.བརྡ་དག་མིང་ཚིག་གསལ་བ་ལས། གཞན་དྲིང་མི་འཇོག་པའི་ལྟ་བ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་དང་གཞན་སྡེའི་གྲུབ་མཐའ་རྟག་པར་སྨྲ་བ་དང་ཆད་པར་སྨྲ་བ་གཉིས། 宗派(悉檀),不依赖他人之见解,内道有四宗,他派有常见、断见二宗。【增】①创立的推论,意见,学说。②﹦ཐར་པའི་བློ་གྲོས། 出离烦恼的决心,得涅槃的决心。﹝达﹞
3.དུང་དཀར་ཚིག་མཛོད་ཆེན་མོ་ལས། སྤྱིར་གྲུབ་མཐའ་ཞེས་པ་ནི་ལུང་རིགས་གང་རུང་ལ་བརྟེན་ནས་རྣམ་རྟོག་གི་སྒྲོ་བཏགས་པའི་ཆ་གཞན་བཀག་སྟེ་རང་གི་བློ་ངོར་ཡང་དག་པར་འཐད་པའི་དོན་དེ་ཉིད་གྲུབ་པའམ་དམ་བཅས་ཏེ་འཛིན་པའི་ཚུལ་དེ་ལས་གཞན་དུ་མེད་དོ་སྙམ་ནས་ཐག་བཅད་པའི་ཆ་དེ་ལ་གྲུབ་མཐའ་ཞེས་བྱ་བ་དང༌། ཐག་བཅད་པ་དེ་གཞན་ལ་སྨྲ་བས་ན་གྲུབ་མཐའ་སྨྲ་བ་ཞེས་ཟེར། དེ་ཡང་གྲུབ་མཐའི་སྐད་དོད་ལ། སིདྡྷྱནྟ་ཟེར་ཞིང་སིདྡྷི་ནི་དངོས་གྲུབ་དང༌། རྟོག་པ། གྲུབ་པ་སོགས་ལ་འཇུག་པས་སྐབས་འདིར་གྲུབ་པ་དང༌། ཨནྟ་ནི་ཟད་པ་དང༌། ཕྱོགས་དང༌། མཐའ་བཅས་ལ་འཇུག་པས་སྐབས་འདིར་མཐའ་ལ་གོ་དགོས་པས་དེ་གཉིས་མཚམས་སྦྱར་བས་གྲུབ་མཐའ་ཞེས་པ་ཡིན་ཏེ། རང་གི་རིགས་པས་གྲུབ་ཅིང༌། དེ་ལས་ཕར་ཡང་འགྲོ་བ་མེད་པས་ན་མཐའོ། །
4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [སིདྡྷནྟཿ] ཕྱི་ནང་གི་ཆོས་ལུགས་སོ་སོའི་ལྟ་བ་འཛིན་ཚུལ་ཏེ་རང་གི་བློ་ངོར་གཞི་ལམ་འབྲས་བུ་གསུམ་སོགས་གཞུང་དང༌། རིགས་པས་བསྒྲུབས་ནས་གྲུབ་པར་ཐག་བཅད་པའི་ལྟ་ཚུལ་ལམ། གཞུང་ལུགས། 学派,教派。旧译宗轮、宗印、宗趋、印、道,梵音译为悉檀多。佛教内外各派各自心目中依教、依理树立对于基、道、果位的一定见解或理论。
5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག ཆོས་ལུགས། ཕྱི་ནང་གི་ཆོས་ལུགས་སོ་སོའི་ལྟ་བ་འཛིན་ཚུལ་ཏེ། རང་གི་བློ་ངོར་གཞི་ལམ་འབྲས་བུ་གསུམ་སོགས་གཞུང་དང༌། རིགས་པས་བསྒྲུབས་ནས་གྲུབ་པར་ཐག་བཅད་པའི་ལྟ་ཚུལ་ལམ། གཞུང་ལུགས།