བག་ཚ་བ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་ཚ་བ།

ངོ་ཚ་བའམ་འཇིགས་པ།
1 ལོ་ཙཱ།

རྒྱ་ཡིག 羞惭,胆怯

དབྱིན་ཡིག fear

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  འཇིགས་པའི་དོན་ཏེ། བག་ཚ་བ་དང་ཡ་ང་བ་མེད་པར་དགྲ་ལ་འཐབ་འཛིང་བྱས་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ངོ་ཚ་བའམ་འཇིགས་པ།   1.羞惭。2.畏惧,害怕。【增】1.因惊慌 而骚动。2.虑不安。忧﹝达﹞(同)བག་འཚེར་བ།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  འཇིགས་པ་དང་།  ཞུམ་པ།  མཚེར་བ།  མི་རུང་ལས་ངན་སྤྱོད་པར་བག་ཚ་བ།  དཀའ་ལས་ཆེ་སར་འགྲོ་རྒྱུར་བག་མི་ཚ་བ། 

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   འཇིགས་པ་དང༌། ཞུམ་པ། མཚེར་བ། 害怕,胆怯,羞涩:མི་རུང་ལས་ངན་སྤྱོད་པར་བག་ཚ་བ། 羞于作坏事。དཀའ་ལས་ཆེ་སར་འགྲོ་རྒྱུར་བག་མི་ཚ་བ། 不怕到艰苦的地方去。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག འཇིགས་ཞུམ་མམ་འཚེར་སྣང་གི་དོན་ཏེ། དཔེར་ན། བག་ཚ་བ་མེད་པར་གཡུལ་དུ་ཞུགས། དགྲ་སྡེ་གསོད་པར་བག་མི་ཚ་བ་ལྟ་བུ།