བག་མ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་མ།

བག་མ།
1 ​ལོ་ཙཱ།

རྒྱ་ཡིག 新娘

དབྱིན་ཡིག bride

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  གཉེན་སྒྲིག་བྱེད་པར་ཐག་བཅད་པའམ་གསར་དུ་གཉེན་སྒྲིག་བྱས་པའི་བུད་མེད་ཀྱི་མིང་། ཚིག་བསྡུས་ན་བག་ཅེས་འབྲི་ཆོག་སྟེ། བག་མ་བསྐྱལ་བའི་སྟོན་མོ་ལ་བག་སྟོན་དང་བག་མའི་ཞོན་ལ་བག་རྟ་ཟེར་བ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཁྱིམ་བདག་མོ།  主妇。【增】新娘。﹝达﹞(同)བག་གསར།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  མནའ་མ་གསར་པ།  བག་མ་ཡག་ལ་བག་སྟོན་གཟབ་པ།  བག་མ་གཏོང་བ།  བག་མ་ལེན་པ།  བག་མ་སློང་བ།  མིང་གི་རྣམ་གྲངས་ལ་ཁབ་འཛིན་མ།  ཁྱིམ་ཐབ་མ།  ཁྱིམ་བདག་མོ།  ཁྱིམ་འཛིན་མ།  ཁྱིམ་གསར་མ།  ཁྱོ་འདམ་མ།  ཆུང་མ།  ཆོས་བཅས་མ།  མཆིས་འབྲང་།  ཉེ་བཟུང་མ།  དང་པོའི་རྡུལ་ཅན།  བདག་པོའི་བརྟུལ་ཞུགས་མ།  མནའ་མ།  བག་གསར།  རང་དགའ་མ།  རིགས་ཀྱི་མ།  རིགས་སྐྱོང་།  ལག་པ་འཛིན།  ལྷན་ཅིག་སྤྱོད་བཅས་སོ།།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  མནའ་མ་གསར་པ། 名词。新媳妇,新娘:བག་མ་ཡག་ལ་བག་སྟོན་གཟབ་པ། 新娘贤淑,婚礼隆重。བག་མ་གཏོང་བ། 嫁女,出嫁。བག་མ་ལེན་པ། 娶媳妇。བག་མ་སློང་བ། 求婚。མིང་གི་རྣམ་གྲངས་ལ་ཁབ་འཛིན་མ། ཁྱིམ་ཐབ་མ། ཁྱིམ་བདག་མོ། ཁྱིམ་འཛིན་མ། ཁྱིམ་གསར་མ། ཁྱོ་འདམ་མ། ཆུང་མ། ཆོས་བཅས་མ། མཆིས་འབྲང༌། ཉེ་བཟུང་མ། དང་པོའི་རྡུལ་ཅན། བདག་པོའི་བརྟུལ་ཞུགས་མ། མནའ་མ། བག་གསར། རང་དགའ་མ། རིགས་ཀྱི་མ། རིགས་སྐྱོང༌། ལག་པ་འཛིན། ལྷན་ཅིག་སྤྱོད་བཅས་སོ། །

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག མནའ་མ་གསར་པའི་མིང་སྟེ། དཔེར་ན། བག་མ་བསུ་སྐྱེལ། བག་མ་གཏོང་བ། བག་མ་སློང་བ་ལྟ་བུ།