ཚེ་རིང་ཐར།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2017-03-01 18:08ལ་འགྲུབ།

ཚེ་རིང་ཐར།

ཚེ་རིང་ཐར།
ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གཞོང་ཐང་དུ་སྐྱེས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ཧ་ར་པིན་བཟོ་ལས་སློབ་ཆེན་གྱི་སྤྱི་བའི་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
才让太
སྐྱེས་ལོ།
སྤྱི་ལོ1969ལོའི་ཟླ11པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གཞོང་ཐང་རྫོང་།
མཐར་ཕྱིན་སློབ་གྲྭ།
ཧ་ར་པིན་བཟོ་ལས་སློབ་གྲྭ་ཆེན་མོ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1969ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གཞོང་ཐང་དུ་སྐྱེས།  སྤྱི་ལོ1987ལོའི་ཟླ7པར་བྱ་བར་ཞུགས་ཤིང་། སྤྱི་ལོ1991ལོའི་ཟླ10བར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན།  ཧ་ཨར་པིན་བཟོ་ལས་སློབ་ཆེན་གྱི་སྤྱི་བའི་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་ འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ9བ་ནས1987ལོའི་ཟླ7པའི་བར།  མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་དགེ་འོས་སློབ་གླིང་དུ་སློབ་སྦྱོང་བྱས།

སྤྱི་ལོ1987ལོའི་ཟླ7པ་ནས1989ལོའི་ཟླ7པའི་བར།  མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་གཞོང་ཐང་སློབ་ཁུལ་ཏུང་ཡིན་ཀྲོང་སློབ་ཆུང་དུ་ དགེ་རྒན་གྱི་ལས་ཀ་བསྒྲུབས།

སྤྱི་ལོ1989ལོའི་ཟླ7པ་ནས1991ལོའི་ཟླ9བའི་བར།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་དམངས་ཆེན་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཡིན།

སྤྱི་ལོ1991ལོའི་ཟླ9བ་ནས1993ལོའི་ཟླ9བའི་བར།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་དམངས་ཆེན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་ པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ9བ་ནས1995ལོའི་ཟླ6པའི་བར།  མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་མི་རིགས་ལས་བྱེད་པའི་འཛིན་གྲྭར་དྲུང་ ཡིག་ཆེད་ལས་སྦྱངས།

སྤྱི་ལོ 1995ལོའི་ཟླ6པ་ནས1996ལོའི་ཟླ1པའི་བར།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1996ལོའི་ཟླ1པ་ནས1997ལོའི་ཟླ3པའི་བར།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་ པའི་འགན་བཞེས།

སྤྱི་ལོ 1997ལོའི་ཟླ3པ་ནས1999ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་ འགན་བཞེས།

སྤྱི་ལོ 1999ལོའི་ཟླ12པ་ནས2000ལོའི་ཟླ4བའི་བར།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཏང་ཨུ་གཞུང་སྒྲུབ་ཁང་གི་ཁོ་རིམ་པའི་དྲུང་ཡིག་ ཡིན།

སྤྱི་ལོ2000ལོའི་ཟླ4བ་ནས2000ལོའི་ཟླ12པའི་བར།  གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2000ལོའི་ཟླ12པ་ནས2002ལོའི་ཟླ1པ་ནས། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཏང་ཨུ་ཧྲུའུ་ཅི་ཡི་འགན་བཞེས། (རྫོང་རིམ་གཞོན་པ།)

སྤྱི་ལོ2002ལོའི་ཟླ1པ་ནས2005ལོའི་ཟླ5བའི་བར།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཁྲིམས་ཞིབ་ བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡི་འགན་བཞེས། 

སྤྱི་ལོ2005ལོའི་ཟླ5བ་ནས2006ལོའི་ཟླ9བའི་བར།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ9བ་ནས2008ལོའི་ཟླ9བའི་བར།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ9བ་ནས2011ལོའི་ཟླ10བའི་བར།  མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཏང་ཨུ་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ2011ལོའི་ཟླ10བ་ནས2014ལོའི་ཟླ4བའི་བར།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་བཞེས། 

སྤྱི་ལོ2014ལོའི་ཟླ4བ་ནས2014ལོའི་ཟླ12པའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པའི་ འགན་བཞེས།

སྤྱི་ལོ2014ལོའི་ཟླ12པ་ནས2015ལོའི་ཟླ1པའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུ་ཧྲུའ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ1པ་ནསད་ལྟའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་ འགན་བཞེས་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཚེ་རིང་ཐར།