རིག་སྨོན་གཞོངས།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-30 11:44ལ་འགྲུབ།

རིག་སྨོན་གཞོངས།

རིག་སྨོན་གཞོངས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་ཐང་གཞོངས་ཞིག་སྟེ། 《ཕག་སྐོར་ལོ་རྒྱུས》ལས། “ཐང་གཞོངས་འདི་ནི་མདོ་ཁམས་གཡེར་མོ་ཐང་གི་ཐང་སྟོད་དང་། ཨ་མ་ཟོ་དགུ་དང་བློན་པོ་གསེར་ཆེན། དཀར་ལྡང་རྫ་རྒན་དང་ཉི་ཟླ་རི་བོ་བཅས་རི་བོ་གྲགས་ཅན་བཞིའི་འདབས་རོལ་གྱི་ས་ཁུལ་དེ་ལ་ཟེར”ཞེས་གསལ་བ་དང་། ངག་ཐོག་ཏུ་ཐང་གཞོངས་འདི་ལ་ད་ལྟའི་བར་དུ“རིག་མོའམ་རིག་མོ་གཞོངས”ཞེས་གྲགས་ཀྱང་། ཡིག་ཐོག་ཏུ“རིག་སྨོན”ཞེས་འབྲི་བ་ཁྱབ་ཆེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柔莫雄
ལ་ཏིང་གི་མིང་།
rig smon gzhongs
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ།
གནས་ཡུལ།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ན་ཡོད།
1 ངོ་སྤྲོད།

རིག་སྨོན་གཞོངས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་ཐང་གཞོངས་ཞིག་སྟེ། 《ཕག་སྐོར་ལོ་རྒྱུས》ལས། “ཐང་གཞོངས་འདི་ནི་མདོ་ཁམས་གཡེར་མོ་ཐང་གི་ཐང་སྟོད་དང་། ཨ་མ་ཟོ་དགུ་དང་བློན་པོ་གསེར་ཆེན། དཀར་ལྡང་རྫ་རྒན་དང་ཉི་ཟླ་རི་བོ་བཅས་རི་བོ་གྲགས་ཅན་བཞིའི་འདབས་རོལ་གྱི་ས་ཁུལ་དེ་ལ་ཟེར”ཞེས་གསལ་བ་དང་། ངག་ཐོག་ཏུ་ཐང་གཞོངས་འདི་ལ་ད་ལྟའི་བར་དུ“རིག་མོའམ་རིག་མོ་གཞོངས”ཞེས་གྲགས་ཀྱང་། ཡིག་ཐོག་ཏུ“རིག་སྨོན”ཞེས་འབྲི་བ་ཁྱབ་ཆེ།

འདིའི་མིང་གི་ཐོགས་ཚུལ་ལ《ཕག་སྐོར་ལོ་རྒྱུས》སོགས་ལས། སྔོན་དུས། “ཕྱོགས་བཞུད་ཀྱི་སྐྱེ་བོ་སུ་ཞིག་གིས་ཀྱང་ཡུལ་ལྗོངས་འདི་རིག་མ་ཐག་ཡིད་སྨོན་དབང་མེད་དུ་འཆོར་བས་རིག་སྨོན་ཟེར་བ་དང་། སྔོན་གྱི་ཡིག་རྙིང་རྣམས་དང《མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན》དུའང་རིག་སྨོན་ཞེས་བྲིས་ཡོད”ཅེས་འབྱུང་། ཡུལ་འདིའི་རྒན་པོའི་ངག་སྒྲོས་སུ། སྤྱི་ལོ1949ལོའི་ཡར་སྔོན་དུ། ད་ལྟའི་རིག་སྨོན་གྲོང་རྡལ་སྲིད་གཞུང་ཡོད་སར“རིག་མོ་ཡཱིན་ཕན”ཟེར་བའི་མ་པུའུ་ཧྥང་གི་དམག་སྒར་ཞིག་ཡོད་ཟེར། 


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གཤོང་ས།