གདོང་སྣའི་ཐུགས་རྗེ་ཆེན་པོ།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-30 11:44ལ་འགྲུབ།

གདོང་སྣའི་ཐུགས་རྗེ་ཆེན་པོ།

གདོང་སྣའི་ཐུགས་རྗེ་ཆེན་པོ།
གདོང་སྣའི་ཐུགས་རྗེ་ཆེན་པོ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་ས་ཆའི་བྱིན་རླབས་ཅན་གྱི་རྟེན་བཞིའི་ནང་གི་གཅིག་ཡིན་ཞིང་། དེ་ཡང་རྟེན་མཆོག་འདི་ཉིད་བཞུགས་སུ་གསོལ་བའི་བྱེ་བྲག་གི་གནས་ནི། ཁྲི་ཀའི་རྫོང་མཁར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད་པའི་མི་རྩེ་སྒང་གི་འདབས་རོལ་ཏེ། རྨ་སྲིབ་གྲོང་རྡལ་གྱི་སའི་ཆར་གཏོགས་ཤིང་འོམ་བུ་གདོང་སྣ་རུ་གྲགས་པའི་གནས་མཆོག་འདི་ཉིད་ཡིན་ཞིང་། གནས་འདི་ན་རྡོ་ལས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་རང་བྱོན་ཞིག་བཞུགས་པས་ན། གནའ་ནས་བཟུང་རྟེན་འདི་ལ་གདོང་སྣའི་ཐུགས་རྗེ་ཆེན་པོ་རང་བྱོན་དུ་གྲགས་པ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南海观音
ལ་ཏིང་གི་མིང་།
gdong sna’i thugs rje chen po
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ།
གནས་ཡུལ།
ཁྲི་ཀའི་རྫོང་མཁར་གྱི་ལྷོ་ཕྱོགས་ན་ཡོད།
1 ངོ་སྤྲོད།

གདོང་སྣའི་ཐུགས་རྗེ་ཆེན་པོ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་ས་ཆའི་བྱིན་རླབས་ཅན་གྱི་རྟེན་བཞིའི་ནང་གི་གཅིག་ཡིན་ཞིང་། དེ་ཡང་རྟེན་མཆོག་འདི་ཉིད་བཞུགས་སུ་གསོལ་བའི་བྱེ་བྲག་གི་གནས་ནི། ཁྲི་ཀའི་རྫོང་མཁར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད་པའི་མི་རྩེ་སྒང་གི་འདབས་རོལ་ཏེ། རྨ་སྲིབ་གྲོང་རྡལ་གྱི་སའི་ཆར་གཏོགས་ཤིང་འོམ་བུ་གདོང་སྣ་རུ་གྲགས་པའི་གནས་མཆོག་འདི་ཉིད་ཡིན་ཞིང་། གནས་འདི་ན་རྡོ་ལས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་རང་བྱོན་ཞིག་བཞུགས་པས་ན། གནའ་ནས་བཟུང་རྟེན་འདི་ལ་གདོང་སྣའི་ཐུགས་རྗེ་ཆེན་པོ་རང་བྱོན་དུ་གྲགས་པ་ཡིན་ནོ། །

ཡང་ངག་རྒྱུན་ཞིག་ལ། སྔོན་དུས་གཡུང་དྲུང་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་ཞིག་གིས། ད་ལྟའི་འོམ་བུ་གདོང་སྣའི་བྲག་ཕུག་ཅིག་ཏུ་དུས་ཡུན་རིང་བོར་སྒྲུབ་པ་ཉམས་བཞེས་གནངས་ཤིང་། རབ་བྱུང་ལྔ་བའི(1267-1326)ནང་ཞིག་ལ། སོག་པོའི་རྒྱལ་རྒྱུད་དུ་གྲགས་པ་མིང་ལ་སྤྲེལ་ལྤགས་ཅན་ཟེར་བ་ཞིག་རང་ས་ནས་རྒྱང་འཕུད་དུ་བཏང་སྟེ་ཡུལ་འདིར་འབྱོར་རྗེས། རྟ་རྫི་སོགས་བྱས་ཏེ་གཞན་ལ་གླ་གཡོག་བྱས་ནས་བསྡད། ཐེངས་ཤིག  ཁོང་གིས་ཡུལ་འདིའི་མེ་ལོང་ལུང་བ་ཟེར་བའི་ནང་དུ་ལ་ལོ་འཚོ་སྐབས། གནས་དེའི་བྲག་ཕུག་ཅིག་ཏུ་སྒོམ་ཆེན་ཞིག་ཏིང་ངེ་འཛིན་ལ་བཞུགས་ནས་གཉིད་ལོག་པ་ལྟར་དུ་ཡོད་པ་དེ་གཉིད་ལས་བསླངས་པར་བྱས་པས་ན། ལུང་བ་དེ་ལའང་གཉིད་ལོག་ལུང་བ་རུ་གྲགས་པ་དང་། སྒོམ་ཆེན་དེ་ནི་གོང་དུ་གླེང་བའི་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་དེ་ཉིད་ཡིན་སྐད། བླ་མ་དེ་ཉིད་ཀྱིས་རྟ་རྫི་སྤྲེལ་ལྤགས་ཅན་དེ་སྐྱེས་བུ་ཚུལ་ལྡན་ཞིག་ཏུ་གཟིགས་ཤིང་རྗེས་སུ་བཟུང་སྟེ་མཚན་ལའང་ཁྲིམས་འབར་ཚུལ་ཁྲིམས་སུ་གསོལ། དེ་ནས་ཁོང་བླ་སློབ་གཉིས་ཀ་གཉིད་ལོག་ལུང་བ་ནས་ད་ལྟའི་འོམ་བུ་གདོང་སྣ་རུ་སྤོས་ཏེ་དུས་ཡུན་རིང་བོར་ཐུགས་དམ་ཉམས་བཞེས་ལ་གཞོལ་བའི་མཐར། དམ་པ་མི་རྩེ་གསེར་བཟང་གིས་གནས་འདིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། དུས་དེ་ནས་བཟུང་འོམ་བུ་གདོང་སྣའི་ཐུགས་རྗེས་ཆེན་པོའི་ཉེ་འཁོར་གྱི་སྒང་ལའང་མི་རྩེ་སྒང་དུ་ཐོགས་ནས་དུས་ད་ལྟའི་བར་དུ་རྒྱུན་འབྱམས་སུ་གྱུར་པར་བཤད། གཞན་ཡང་བོན་པོའི་བླ་མ་མི་རྩེ་གསེར་བཟང་དང་ཁོང་གི་ཞལ་སློབ་ཁྲིམས་འབར་ཚུལ་ཁྲིམས་བླ་སློབ་གཉིས་ཀའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་སོགས་པའི་གནས་ཚུལ་གཞན་དག་མ་ངེས་ཀྱང་། གང་ལྟར་གཡུང་དྲུང་བོན་གྱི་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱིས་འོམ་བུ་གདོང་སྣ་ནི་བླ་མ་མི་རྩེ་གསེར་བཟང་ལ་རྟོགས་པ་བརྙེས་ས་ཡིན་ཟེར་ནས། ཚོགས་གསོག་སྒྲིབ་སྦྱོང་བྱེད་སའི་གནས་ཁམས་ཆེན་ཞིག་ཏུ་བརྩི་བར་བཤད་ལ། ཕྱིས་སུ་རྒྱ་བོད་སོག་གསུམ་གྱི་རིས་མེད་དད་ལྡན་མང་ཚོགས་ཚང་མས་གནས་འདི་ལ་མཆོད་མཇལ་བྱེད་པའང་ལོ་རེར་རྒྱུན་ཆད་མེད་དོ། །