སྣ་གཅུ།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-30 11:44ལ་འགྲུབ།

སྣ་གཅུ།

སྣ་གཅུ།
བ་ལང་སོགས་གནག་གི་སྣ་ལ་བརྒྱུས་པའི་ཤིང་གི་ཨ་ལོང་གི་མིང་།
1 ལོ་ཙཱ།

རྒྱ་ཡིག 牛鼻圈

དབྱིན་ཡིག wooden ring that is put on the nose of cattle.

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བ་ལང་སོགས་གནག་གི་སྣ་ལ་བརྒྱུས་པའི་ཤིང་གི་ཨ་ལོང་གི་མིང་།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  མཛོ་གཡག་གི་སྣ་བུག་ནང་རྒྱུད་པའི་ཤིང་ལྕུག་

སྒོར་སྒོར།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  མཛོ་གཡག་གི་སྣ་བུག་ནང་རྒྱུད་པའི་ཤིང་ལྕུག་སྒོར་སྒོར། 牛鼻圈。穿过牛鼻孔内以系鼻绳的树枝小环。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག སྣ་ཐག་འདོགས་སའི་མཛོ་གཡག་སོགས་ཀྱི་སྣ་ལ་བརྒྱུས་པའི་ཤིང་གི་ཨ་ལོང་ཞིག དཔེར་ན། སྣ་གཅུ་ཅན་གྱི་གཡག་ལྟ་བུ།