ལྟ་བ་འཚོལ་ཚུལ་གཉིས།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-04-27 14:00ལ་འགྲུབ།

ལྟ་བ་འཚོལ་ཚུལ་གཉིས།

སྤྱིར་ལྟ་བ་འཚོལ་ཚུལ་ལ་ལྟ་བའི་ཐོག་ནས་སྒོམ་འཚོལ་བ་དང་། སྒོམ་ཐོག་ནས་ལྟ་བ་འཚོལ་བ་གཉིས་ཡོད་པ་དེ་ལ་ཟེར་ཏེ། ལྟ་བའི་ཐོག་ནས་སྒོམ་འཚོལ་ཚུལ་ནི། ཐོག་མར་ཡིད་དཔྱོད་དང་། དེ་ནས་གཏན་ཚིགས་ཡང་དག་ལ་བརྟེན་པའི་རྗེས་དཔག་སོགས་ཐོས་བསམ་གྱི་ལམ་ནས་རིམ་གྱིས་སྒོམ་ལ་འཇུག་པ་དང་། སྒོམ་ཐོག་ནས་ལྟ་བ་འཚོལ་བ་ནི། ཐོག་མར་ཞི་གནས་བསྒྲུབས་ལ་དེ་ནས་མཚན་ཉིད་སོ་རིག་གིས་དཔྱད་པ་བྱས་ནས་ལྟ་བ་འཚོལ་ཐབས་ཤིག་གོ །
1 ​འགྲེལ་བ།

བརྡ་འགྲེལ་གདོང་འཛར།

ཡིད་དཔྱོད། མཚན་ཉིད། གཏན་ཚིགས།