ཀུའེ་ཀྲོའུ་ཞིང་ཆེན་ཆིང་ཀྲེང་གྲོང་ཁྱེར་ཝེ་ཁྲེང་གྲོང་རྡལ་ཚའེ་ཧྲུའེ་སྡེ་བའི་ལྟེ་བའི་ཚོ་ཆུང་གི་སྡོད་དམངས།
སྤྱི་ལོ2025ལོའི་ཟླ1པོའི་ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད7པ་ཙམ་ལ། སྡེ་མི་ཧོ་ཆེ་གེ་མོས་རྐང་གསུམ་འཁོར་ལོའི་ནང་ཁྱིམ་མི་དྲུག་པོ་བཟུང་ནས་ཚོང་རར་སོང་། སྨུག་པ་ཆེ་བའི་དབང་གིས་ལམ་མ་མཐོང་བར་རྐང་གསུམ་འཁོར་ལོ་ཆུ་ནང་དུ་ལྷུང་བ་དང་། ཨ་མ་དང་། བཟའ་ཟླ། བུ་མོ་བཅས་ཆུ་འགྲམ་དུ་བསྐྱུར་བ་དང་། མི་གཞན་གསུམ་རླངས་འཁོར་དང་མཉམ་དུ་གཙང་བོའི་ནང་ལྷུང་།
ཡུའུ་དབྱང་ཀང་གིས་རླངས་འཁོར་བསྐོར་དེ་ས་ཆ་དེར་བརྒྱུད་དུས་གནས་ཚུལ་དེ་མཐོང་བས། མྱུར་དུ་རླངས་འཁོར་བསྡད་དེ་ཞེང་ཚད་ལ་སྨི5དང་གཏིང་ཚད་ལ་སྨི10ལྷག་ཙམ་ཡོད་པའི་གྲང་ངར་ཆེ་བའི་ཆུའི་ནང་དུ་ལྡིང་། ཁོ་རྐང་གསུམ་འཁོར་ལོའི་འགྲམ་དུ་རྐྱལ་དུས། རླངས་འཁོར་གྱི་སྒོ་གཟུགས་འགྱུར་ནས་འབྱེད་ཐབས་མ་བྱུང་། ཧོ་ཆེ་གེ་མོས་རླངས་འཁོར་གྱི་སྒེའུ་ཁུང་གི་སྲུབས་ཀ་ནས་ལག་པ་བསྲིངས་ཏེ་སྐྱོབ་རེ་ཞུས། ཡུའུ་དབྱང་ཀང་གིས་འཕྲལ་དུ་རྐང་པས་རླངས་འཁོར་གྱི་སྒེའུ་ཁུང་ལ་བསྟུད་མར་ཐེངས་འགར་བརྒྱབ་མཐར་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་ནུས་ཤུགས་ཡོད་རྒུས་ཧོ་ཆེ་གེ་མོ་རླངས་འཁོར་ནས་བླངས་དེ་མཚོ་འགྲམ་དུ་བསྐྱོད།
སྐབས་དེར། ཡུའུ་དབྱང་ཧོན་གྱིས་རླངས་འཁོར་སྐོར་ནས་ལམ་དེར་བརྒྱུད་བཞིན་ཡོད་ལ། ཁོ་ཡང་གྲང་ངར་ཆེ་བའི་ཆུའི་ནང་མཆོངས་ནས་རོགས་སྐྱོབ་ནང་ཞུགས་པ་རེད། ཁོ་གཉིས་ཀྱིས་ཕན་ཚུན་གཞོགས་འདེགས་བྱས་ཏེ་འབད་བརྩོན་བྱས་པ་བརྒྱུད་ལོ70ལྷག་ལ་སོན་པའི་ཧོ་ཆེ་གེ་མོ་མཚོ་འགྲམ་དུ་བསྐྱབས། ཡུའུ་དབྱང་ཀང་དང་ཡུའུ་དབྱང་ཧོན་གཉིས་ཀྱིས་ཡང་བསྐྱར་ཆུ་ནང་དུ་ཧོ་ཆེ་གེ་མོའི་ལོ་དྲུག་ཅན་གྱི་བུ་བཙལ། ཁོ་ཚོས་ཁ་ལོ་བའི་འདུག་སར་བྱིས་པའི་ལུས་ཕུང་བཟུང་ནས་ནུས་ཤུགས་ཡོད་དགུས་རླངས་འཁོར་གྱི་སྒོ་ཕྱེ་ནས་བྱིས་པ་ཁྲིད་དེ་མཚོ་འགྲམ་དུ་བསྐྱབས། ཕྲུ་གུ་དྲན་པ་ཤོར་འདུག་ལ། ཡུའུ་དབྱང་ཀང་དང་ཡུའུ་དབྱང་ཧོན་གཉིས་ཀྱིས་རེས་མོས་ཀྱིས་གློ་སྙིང་སླར་གསོའི་མྱུར་སྐྱོབ་བྱས་མཐར་བྱིས་པའི་འདུ་ཤེས་སླར་གསོ་བྱུང་།
སྤྱི་ལོ2025ལོའི་ཟླ3པར། ཡུའུ་དབྱང་ཧོན་གྱི་ཉེན་སེལ་སྲོག་སྐྱོབ་ཀྱི་བྱ་སྤྱོད་དེ་བདེན་འཛིན་དཔའ་དཔའ་བོའི་བྱ་སྤྱོད་དུ་ངོས་འཛིན་བྱས།
སྤྱི་ལོ2025ལོའི་ཟླ3པར། སྤྱི་ལོ2025ལོའི་དུས་ཚིགས་དང་པོའི་བདེན་འཛིན་དཔའ་བོའི་མིང་ཐོའི་ནང་གདམས།