རྩྭ་ཐང་གི་ལྕམ་སྲིང་དཔའ་བོའི་བྱས་རྗེས་འགྲེམས་སྟོན་ཁང་།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-04-15 16:49ལ་འགྲུབ།

རྩྭ་ཐང་གི་ལྕམ་སྲིང་དཔའ་བོའི་བྱས་རྗེས་འགྲེམས་སྟོན་ཁང་།

རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
草原英雄小姐妹事迹展览馆
གྲུབ་འབྲས་གཙོ་བོ།
རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི།
1 ​གཞི་རྩའི་གནས་ཚུལ།

རྩྭ་ཐང་གི་ལྕམ་སྲིང་དཔའ་བོའི་བྱས་རྗེས་འགྲེམས་སྟོན་ཁང་ནི་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་པའེ་ཡུན་ཨུ་པོ་གཏེར་ཁུལ་དུ་ཡོད་པ་དང་། སྤྱི་ལོ2017ལོའི་ཟླ9པར་འཛུགས་སྐྲུན་བྱས་དེ་སྤྱོད་མགོ་ཚུགས། ས་ཁྱོན་ལ་སྨི་གྲུ་བཞི་མ2.3ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5653.74ཡོད། འགྲེམས་སྟོན་ཁང་དུ་བྱས་རྗེས་འགྲེམས་ཁང་དང་། ཁུ་སིམ་རང་བཞིན་གྱི་ཉམས་ལེན་ཁང་། སྨྱན་མང་གཟུགས་ཉམས་ལེན་ཁང་བཅས་བཙུགས་ཡོད་པ་དང་། སྒྲ་འོད་གློག་གི་ལག་རྩལ་སྤྱད་དེ་བུ་ཡུག་འཚུབ་པའི་རྣམ་པ་སླར་གསོ་བྱས་པ་དང་། ལུང་མེ་དང་ཡུའུ་རུང་གི་འབྲེལ་ཡོད་དངོས་པོ་དང་འདྲ་པར200ལྷག་ཙམ་བཤམས་སྟོན་བྱས་ཏེ། རྒྱལ་ནང་གི་ཆེས་ཆ་ཚང་བའི་བརྙན་པར་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་མཛོད་དུ་གྲུབ་ཡོད།

སྤྱི་ལོ2020ལོར་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱུང་རྗེས་ཉམས་ལེན་བྱེད་ནུས་ཁུལ་གསར་སྣོན་བྱས་པ་དང་། སྤྱི་ལོ2021ལོའི་ཟླ6པར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་ནང་གདམས། སྤྱི་ལོ2022ལོར་རྒྱལ་ཡོངས་བུད་མེད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གསར་སྣོན་བྱས། འགྲེམས་སྟོན་ཁང་ནངVRདྲ་ལམ་འགྲེམས་སྟོན་ཁང་བཙུགས་ཡོད་པ་དང་། ཚན་པ་བཞི་བཙུགས་ནས་ལོ་རྒྱུས་ཀྱི་དཔྱད་གཞི་འགྲེམས་སྟོན་བྱས་ཡོད། 720°ཡི་མཛེས་ལྗོངས་ཧྲིལ་བོའི་འགྲེམས་སྟོན་ཁང་གི་ནུས་པ་ལྡན་ཡོད། འགྲེམས་སྟོན་ཁང་དེར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་དང་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2025ལོར་འགྲེམས་སྟོན་བཅོས་སྒྲིག་ལས་ཀ་བྱེད་གྲབ་ཡོད།

2 གཟི་བརྗིད་མཚན་སྙན།

སྤྱི་ལོ2022ལོར། རྒྱལ་ཡོངས་བུད་མེད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གདམས།

དཔྱད་གཞིའི་ཡིག་ཆ།