སྤྱི་ལོ2024ལོའི་ཟླ1པོའི་ཚེས1ཉིན《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དཔེ་སྟོན་གྲོང་ཚོ་སྟོང་དང་། བཅོས་སྒྲིག་གྲོང་ཚོ་ཁྲི”བཟོ་སྐྲུན་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནང་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད།
དུས་རབས་གསར་བའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས་འགལ་བ་དང་རྩོད་གཞི་རྩ་བ་ནས་སྔོན་འགོག་དང་། གྲལ་བཤེར་སྔོན་བརྡ། སྣ་མང་ཅན་གྱི་ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ནག་སེལ་ངན་འཇོམས་ཀྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། “གྲོང་ཚོའི་བཙན་བདག”ལ་མུ་མཐུད་དུ་དོགས་ཟོན་དང་བཅོས་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་རུས་རྒྱུད་དང་རུས་རྒྱུད་ཀྱི་ནག་ཚོགས་སྟོབས་ཤུགས་དང་དེའི“སྲུང་གདུགས”ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། གྲོང་གསེབ་ཀྱི་རྒྱན་འཛུགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དམིགས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་གྱི་དྲིལ་བསྒྲགས་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་དང་། སོལ་རླངས། མེ་ཟོན། ཉ་གྲུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་བཅོས་སྐྱོང་འགག་སྒྲོལ་བྱེད་དགོས། གྲོང་གསེབ་ཀྱི་གནོད་འགོག་གནོད་སེལ་ལས་གྲྭ་དང་། འཕྲལ་བསྟུན་དོ་དམ་ཆ་འཕྲིན་ཅན་དང་སྤྱི་བའི་མེ་གསོད་མེ་འགོག་གི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། གནོད་འགོག་ཉེན་གཡོལ་དང་རང་སྐྱོབ་གཞན་འགེབས། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན། ཞིང་བའི་བཅའ་ཁྲིམས་ཀྱི་འདུ་ཤེས་སོགས་ལ་ཤུགས་སྣོན་རྒྱག་དགོས།