སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་ལྟ་བ་ནི་ཐོག་མར་ལོ་རབས་ལྔ་བཅུ་བའི་ནང་བཏོན་མྱོང་ལ། དེ་ནས་ལོ་རབས་བརྒྱད་ཅུའི་དུས་སྟོད་དུ་རང་རྒྱལ་གྱིས“འབྱོར་འབྲིང་སྤྱི་ཚོགས”ཀྱི་ལྟ་བ་བཏོན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ནི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ནང་གསེས་གལ་ཆེན་ཞིག་ཡིན། སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང“སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ”འཛུགས་སྐྲུན་བྱེད་པ་བཏོན་ཞིང་། དེ་ནི་ལོ་རྒྱུས་གསར་བའི་རྒྱབ་ལྗོངས་ཁྲོད་ཁྱོན་ཡོངས་ཀྱི་འདུ་ཤེས་གསར་བའི་མཛུབ་ཁྲིད་འོག་གི་ཞིང་སྡེ་གསར་བ་ཕྱོགས་བསྡུས་འགྱུར་བཅོས་གཏོང་བའི་ཐོག་མའི་འགོ་རྩོམ་ས་ཡིན་པས། འདིས་ཞིང་སྡེ་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་ངེས་སོ༎
སྤྱི་ལོ2004ལོར་ཞིང་བའི་ཡོངས་འབབ6.8 %དང་། འབྲུ་རིགས་ཀྱི་ཚད9%ལ་འཕར་རྗེས། སྤྱི་ལོ2004ལོར་རྒྱལ་ཁབ་ཀྱིས་སླར་ཡང་འབྲུ་རིགས་ཐོན་ཚད་བརྟན་བརླིང་ངང་འཕར་ཐུབ་པ་དང་ཞིང་བའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་བཏོན་ཡོད་ལ། དཔེར་ན་ཞིང་ལས་ཀྱི་དཔྱ་ཁྲལ་དང་། ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ཀྱི་དཔྱ་ཁྲལ་ཇེ་ཡང་དུ་གཏོང་བར་ནུས་ཤུགས་ཆེ་རུ་བསྐྱེད་པ་དང་། ཞིང་བའི་ཁུར་པོ་ཡང་དུ་གཏོང་བའི་ཡུན་རིང་ལམ་སྲོལ་འཛུགས་པར་ཤུགས་རྒྱག་དགོས་སོ༎
ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་གླིང་གི་གླིང་གཙོ་ཝུན་ཐིའེ་ཅུན(温铁军)ལགས་ཀྱིས་གསུངས་པ་ལྟར་ན། ཞིང་སྡེ་གསར་བའི་གསར་བ་ནི་ཞིང་ལས་འཕེལ་རྒྱས་ཁྲོད་ཀྱི་ཚག་རིག་འཕེལ་རྒྱས་ཀྱི་ལྟ་བའི་བླང་བྱ་མཚོན་ལ། འཆམ་མཐུན་སྤྱི་ཚོགས་ཀྱི་བླང་བྱ་མཚོན་པ་ཡིན། བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་དང་བསྟུན་ནས། གྲོང་ཁྱེར་གྱིས་ཞིང་སྡེ་ལ་རོགས་འདེགས་དང་བཟོ་ལས་ཀྱིས་ཞིང་ལས་ལ་རོགས་འདེགས་བྱས་པ་བརྒྱུད་དེ། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྨང་གཞི་བཞག་ནས་དང་ཞིང་སྡེའི་སྤྱི་ཚོགས་ལ་འཆམ་མཐུན་ཡོང་བ་བྱེད་དགོས་པའི་དོན་སྙིང་ཡོད་པ་བསྟན་ཡོད་དོ༎
གཅིག ཞིང་སྡེ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པའི་ལས་འགན་གནད་དུ་འཛིན་དགོས་པ་དང་། ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེ་གསར་བའི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས། འབྲུ་རིགས་ཐོན་འབབ་དང་ཞིང་བའི་ཡོངས་འབབ་ཇེ་མཐོར་འགྲོ་བར་སྐུལ་འདེད་བྱེད་དགོས། རྒྱ་ཆེ་བའི་ཞིང་བའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་དག་དོན་དངོས་ཐོག་ཐག་གཅོད་པར་ཤུགས་སྣོན་བྱེད་དགོས། འབད་བརྩོན་ལྷོད་མེད་ཀྱིས་ཧུར་ཐག་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ནུས་ཤུགས་མཐོ་རུ་གཏོང་བ་དང་རྒྱ་ཆེའི་ཞིང་བའི་འཚོ་བ་ལེགས་བཅོས་ལ་མངོན་གསལ་ཡོད་པ། ཞིང་བར་དངོས་པའི་ཁེ་ཕན་དང་ཕྱོགས་གང་ཅིའི་ཐད་ཕན་པ་ཐོན་པ་བྱ་དགོས་སོ༎
གཉིས། ཏང་གིས་ཞིང་སྡེ་རུ་འཛིན་པའི་སྲིད་ཇུས་དང་བྱེད་ཕྱོགས་ལ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་དང་ཞིང་སྡེའི་གཞིའི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས། ས་ཞིང་གི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་གཡོ་འགུལ་མེད་པ་རྒྱུན་འཁྱོངས། “མང་ཐོབ་ཉུང་ལེན་འཁྲུག་གཏོང”རྒྱུན་འཁྱོངས་དང་། ཁྱད་པར་དུ“མང་ཐོབ”ལ་ཤུགས་ཆེན་པོ་བརྒྱབ་སྟེ། ཞིང་སའི་དོ་དམ་ཤུགས་སྣོན་དང་རྒྱ་ཆེ་བའི་ཞིང་བའི་ཁེ་ཕན་ལ་འགན་སྲུང་ནན་ཏན་བྱ་དགོས།
གསུམ། ཐབས་རྒྱ་ཇུས་སྟོང་གིས་ཞིང་ལས་མ་དངུལ་མང་དུ་འཇོག་པའི་གྲངས་ཀ་ཇེ་མཐོར་གཏོང་དགོས།
བཞི། དོན་དངོས་ཐོག་ཞིང་སྡེའི་རྨང་གཞིའི་འཛུགས་སྐྲུན་སྒྲིག་བཀོད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་སྡེའི་བྱ་བཞག་ཐམས་ཅད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་དགོས།
ལྔ། ཐབས་རྒྱ་ཇུས་སྟོང་གིས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མའི་གནས་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ།
དྲུག ཐབས་རྒྱ་ཇུས་སྟོང་གིས་ཞིང་བའི་ཡོངས་འབབ་མཐོ་རུ་བཏང་སྟེ། ཞིང་བར་ཐོན་ཁུངས་དང་ཡོངས་འབབ་འཕར་ཐུབ་པ་བྱ་དགོས།
བདུན། ཞིང་སྡེའི་ཆབ་སྲིད་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ཁྱད་པར་དུ་ཞིང་སྡེའི་གཞི་རིམ་གྱི་ཏང་ཀྲི་པུའུ་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཞིང་བའི་དམངས་གཙོའི་ཁེ་དབང་འགན་སྲུང་ནན་ཏན་བྱེད་དགོས།
བརྒྱད། སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་བའི་འཛུགས་སྐྲུན་ནི་ཡོངས་ཁྱབ་ཀྱི་དམིགས་འབེན་ཞིག་ཡིན་ལ། ཡུན་རིང་གི་ལས་འགན་ཞིག་ཡིན་ནོ༎
དགུ། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་ཐག་རང་བཞིན་འདོན་སྤེལ་འཐུས་ཚང་བཏང་སྟེ། སྤྱི་ཚོགས་ཀྱི་གང་ཅིའི་ཐད་ཀྱི་སྟོབས་ཤུགས་མཉམ་ཞུགས་བྱེད་པར་ཁྲིད་སྟོན་དང་སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཏུ་འགྱུར་བར་འབད་པ་བྱེད་དགོས།
ཀྲུང་དབྱང་གིས་གཤམ་གྱི་ཆ་རྐྱེན་དག་ཚང་བའི་སྡེ་བ་ནི་སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་བའི་དཔེ་སྟོན་གྲོང་ཚོའི་ཚད་གཞི་ཡིན་པ་བསྟན།
གཅིག ཐོན་ལས་འཕེལ་རྒྱས།
གཉིས། ཐོན་སྐྱེད་ཆ་རྐྱེན།
གསུམ། ཡོངས་འབབ་ཚད་གཞི།
བཞི། མི་སྡོད་ཁོར་ཡུག
ལྔ། ཞིང་བའི་སྤུས་ཚད།
དྲུག ཞིང་སྡེ་བགྲོད་ལམ།
བདུན། སྤྱི་ཚོགས་ཀྱི་བྱ་གཞག
བརྒྱད། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་།
དགུ། ཡ་རབས་སྲོལ་བཟང་།
བཅུ། དམངས་གཙོའི་ཆབ་སྲིད།