བདེ་འཇགས་ཐོན་སྐྱེད་སྐོར་གྱི་རང་རྒྱལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:07ལ་འགྲུབ།

བདེ་འཇགས་ཐོན་སྐྱེད་སྐོར་གྱི་རང་རྒྱལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།

བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའམ་ཁས་ལེན་པ་དང་། དེར་རྒྱལ་ཁབ་ཀྱི་འདོད་བློ་མཚོན་པའི་ངོ་བོ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་དབང་སྒྱུར་གྲལ་རིམ་གྱི་འདོད་བློ་མཚོན་པའི་བྱ་སྤྱོད་ཚད་ལྡན་ཞིག་ཡིན། དེའི་ནང་དོན་ནི་དབང་སྒྱུར་གྲལ་རིམ་གྱི་དངོས་པོའི་འཚོ་བའི་ཆ་རྐྱེན་གྱིས་ཐག་གཅོད་བྱེད་པ་དང་། དེས་སྤྱི་ཚོགས་འབྲེལ་བའི་ཁྲོད་ཀྱི་མི་དམངས་ཀྱི་ཁེ་དབང་དང་འོས་འགན་བཅས་གཏན་ཁེལ་བྱས་པ་བརྒྱུད། དེའི་ངོས་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ནི་དབང་སྒྱུར་གྲལ་རིམ་གྱི་སྤྱི་ཚོགས་ཀྱི་འབྲེལ་བ་དང་སྒྲིག་ལམ་ལ་ཕན། དེའི་ནང་དུ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་འཛིན་ཁྲིམས་སྲོལ་སོགས་འདུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
我国安全生产的法律法规
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
བདེ་འཇགས་ཐོན་སྐྱེད་བྱ་བའི་ཁྲིམས་སྲོལ།
རིགས།
བཟོ་སྐྲུན་ལག་རྩལ་སྐོར་གྱི་བཅའ་ཁྲིམས།
1 སྤྱི་བཤད།  

བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའམ་ཁས་ལེན་པ་དང་།  དེར་རྒྱལ་ཁབ་ཀྱི་འདོད་བློ་མཚོན་པའི་ངོ་བོ་ཡོད་པ་མ་ཟད།  རྒྱལ་ཁབ་ཀྱི་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་དབང་སྒྱུར་གྲལ་རིམ་གྱི་འདོད་བློ་མཚོན་པའི་བྱ་སྤྱོད་ཚད་ལྡན་ཞིག་ཡིན།    དེའི་ནང་དོན་ནི་དབང་སྒྱུར་གྲལ་རིམ་གྱི་དངོས་པོའི་འཚོ་བའི་ཆ་རྐྱེན་གྱིས་ཐག་གཅོད་བྱེད་པ་དང་།    དེས་སྤྱི་ཚོགས་འབྲེལ་བའི་ཁྲོད་ཀྱི་མི་དམངས་ཀྱི་ཁེ་དབང་དང་འོས་འགན་བཅས་གཏན་ཁེལ་བྱས་པ་བརྒྱུད།   དེའི་ངོས་འཛིན་དང་སྲུང་སྐྱོང་།  འཕེལ་རྒྱས་བཅས་ནི་དབང་སྒྱུར་གྲལ་རིམ་གྱི་སྤྱི་ཚོགས་ཀྱི་འབྲེལ་བ་དང་སྒྲིག་ལམ་ལ་ཕན།

2 གཞི་རྩའི་བཅའ་ཁྲིམས་ཀྱི་གོ་དོན།

བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའམ་ཁས་ལེན་པ་དང་།  དེར་རྒྱལ་ཁབ་ཀྱི་འདོད་བློ་མཚོན་པའི་ངོ་བོ་ཡོད་པ་མ་ཟད།  རྒྱལ་ཁབ་ཀྱི་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་དབང་སྒྱུར་གྲལ་རིམ་གྱི་འདོད་བློ་མཚོན་པའི་བྱ་སྤྱོད་ཚད་ལྡན་ཞིག་ཡིན།    དེའི་ནང་དོན་ནི་དབང་སྒྱུར་གྲལ་རིམ་གྱི་དངོས་པོའི་འཚོ་བའི་ཆ་རྐྱེན་གྱིས་ཐག་གཅོད་བྱེད་པ་དང་།    དེས་སྤྱི་ཚོགས་འབྲེལ་བའི་ཁྲོད་ཀྱི་མི་དམངས་ཀྱི་ཁེ་དབང་དང་འོས་འགན་བཅས་གཏན་ཁེལ་བྱས་པ་བརྒྱུད།   དེའི་ངོས་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ནི་དབང་སྒྱུར་གྲལ་རིམ་གྱི་སྤྱི་ཚོགས་ཀྱི་འབྲེལ་བ་དང་སྒྲིག་ལམ་ལ་ཕནཞིང་དེའི་ནང་དོན་ལ་ཕྱོགས་གསུམ་འདུས་ཏེ།

1.བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའམ་ཡང་ན་ཁས་བླངས་པའི་བྱ་སྤྱོད་ཀྱི་ཚད་འཛིན་ས་ཞིག་ཡིན།  

2.བཅའ་ཁྲིམས་ནི་མི་རྣམས་ཀྱི་ཁེ་དབང་དང་འོས་འགན་གཏན་ལ་ཕབ་པའི་དམིགས་བསལ་གྱི་བྱ་སྤྱོད་ཚད་ལྡན་ཞིག་ཡིན།  བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མི་རྣམས་ཀྱི་ཁྲིམས་བཀོད་ཁེ་དབང་དང་འོས་འགན་ཡིན་པ་མ་ཟད།  རྒྱལ་ཁབ་ཀྱི་བཙན་ཤེད་ཀྱིས་ཁེ་དབང་ལ་འགན་སྲུང་དང་འོས་འགན་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་ཡིན། བཅའ་ཁྲིམས་དང་བྱ་སྤྱོད་ཚད་ལྡན་བར་གྱི་ཁྱད་པར་ནི། བཅའ་ཁྲིམས་ཀྱིས་མང་ཚོགས་ཀྱི་ཁེ་དབང་དང་འོས་འགན་ཞིབ་ཅིང་ཕྲ་བ་དང་ཁ་གསལ་བོ། ཐག་ཆོད་བཅས་ཀྱི་ལམ་ནས་གཏན་ལ་ཕབ་པ་ཞིག་ཡིན། བཅའ་ཁྲིམས་ཀྱིས་མི་རྣམས་ཀྱི་ཁེ་དབང་དང་འོས་འགན་གཏན་ལ་ཕབ་པ་བརྒྱུད་དེས་མི་རྣམས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བསྒྱུར་བ་དང་མི་དང་མིའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བར་མཛུབ་སྟོན་བྱེད་པ་ཡིན།

3.བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱིས་ལག་བསྟར་བྱེད་བཞིན་ཡོད་པས་དེར་རྒྱ་ཁྱབ་ཀྱི་གཅུན་འདོམས་ནུས་པ་ལྡན་ཡོད་པ་ནི་བཅའ་ཁྲིམས་དང་བྱ་སྤྱོད་ཚད་ལྡན་བར་གྱི་ངོ་བོའི་ཁྱད་པར་སྟེ་དཔེར་ན། ཀུན་སྤྱོད་ཚུལ་མཐུན་དང་ཆོས་ལུགས་ཚུལ་མཐུན། གོམས་སྲོལ་ཚུལ་མཐུན་སོགས་ཡིན།

3 ཁྲིམས་སྲོལ་གྱི་གོ་དོན།

ཁྲིམས་སྲོལ་ཞེས་པ་ནི་བཅའ་ཁྲིམས་སྒྲིག་སྲོལ་གྱི་བསྡུས་མིང་ཡིན་ལ།  བཅའ་ཁྲིམས་ཤིག་ལག་བསྟར་བྱེད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་དང་འབྲེལ་ཡོད་སྐོར་གྱི་ཁྲིམས་སྲོལ་ལམ་ཡང་ན་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་ནས་ཁྱབ་བསྒྲགས་བྱས་པའི་ས་གནས་རང་བཞིན་དང་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ཡིན་ཞིང་། སྲིད་འཛིན་ཁྲིམས་སྲོལ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདི་དག་བཅའ་ཁྲིམས་ག་གེ་མོ་ལག་བསྟར་བྱེད་ཆེད་གཏན ་ལ་ཕབ་པའི་ཚད་ལྡན་གྱི་ཡིག་ཆ་ཅན་ཡིན་པས། དེར་བཅའ་ཁྲིམས་ཀྱི་ཕན་ནུས་ལྡན་ཞིང་བཅའ་ཁྲིམས་མ་ལག་གི་གྲུབ་ཆའང་ཡིན།

4 ​ཁྲིམས་འགལ་དང་ཁྲིམས་ཆད་གཅོད་པ།

དང་པོ།  ཁྲིམས་འགལ།  ཁྲིམས་འགལ་ནི་ད་ཡོད་བཅའ་ཁྲིམས་ཀྱི་བླང་བྱ་དང་མི་འཚམ་ཞིང་དེའི་ཁྱབ་ཁོངས་ལས་བརྒལ་བའི་བྱ་འགུལ་ཞིག་ཡིན།  ཁྲིམས་འགལ་དུ་གྱུར་བ་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ།

གཅིག ངེས་པར་དུ་མི་རྣམས་ཀྱི་བྱ་སྤྱོད་གང་རུང་ཞིག་ཡིན་པ་ལས་བསམ་བློའི་གནད་དོན་མིན།

གཉིས།     བྱ་སྤྱོད་སྤེལ་མཁན་གྱི་བྱ་སྤྱོད་དེས་ངེས་པར་དུ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ལ་གནོད་བྱས་ཏེ་་སྤྱི་ཚོགས་ལ་གནོད་པ་གཏོང་དགོས།  

གསུམ།    བྱ་སྤྱོད་སྤེལ་མཁན་ལ་ངེས་པར་དུ་སྐྱོན་ཡོད་དགོས། (བསམ་བཞིན་དུའམ་ལས་འཛོལ་བྱུང་བ)

བཞི།   བྱ་སྤྱོད་སྤེལ་མཁན་ལ་ངེས་པར་དུ་ཁྲིམས་བཀོད་ཀྱི་འགན་འཁུར་བའི་ནུས་པ་ལྡན་དགོས།

གཉིས་པ།   ཁྲིམས་ཆད་གཅོད་པ།

ཁྲིམས་ཆད་གཅོད་པ་ཞེས་པ་ནི་རྒྱལ་ཁབ་ཀྱི་ཆེད་གཉེར་ལས་ཁུངས་ཀྱིས་ཁྲིམས་འགལ་པར་བཅའ་ཁྲིམས་ཀྱི་འགན་ཁུར་ལྟར་ལག་བསྟར་བྱས་པ་དང་བཙན་ཤེད་ཀྱིས་ཉེས་ཆད་གཅོད་པ་ཞིག་ཡིན།  ཁྲིམས་དང་འགལ་ན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ལ། བཅའ་ཁྲིམས་དང་འགལ་བའི་མིར་ཁྲིམས་ཆད་གཅོད་དགོས།  ཁྲིམས་ཆད་གཅོད་པ་ལ་རིགས་བཞི་ཡོད་དེ། རྩ་ཁྲིམས་དང་འགལ་བའི་ཁྲུན་གཅོད་དང་ཉེས་དོན་ཁྲུན་གཅོད།    དམངས་དོན་ཁྲུན་གཅོད་དང་སྲིད་འཛིན་ཁྲུན་གཅོད་བཅས་སོ༎


བརྡ་འགྲེལ་གདོང་འཛར།

བདེ་འཇགས། ཐོན་སྐྱེད། བཅའ་ཁྲིམས།