ཤིན་ཏུ་སྡུག་པའི་ཁོར་ཡུག་འོག ཡོབ་གླིང་བ་རྣམས་ཨི་ཟི་ལམ་གྱིས་བསྐོར་བས་ཁོ་ཚོའི་ཡ་གླིང་དམག་འཁྲུག་དེ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་མེད། ལུས་ཡོངས་དྲག་ཆས་ཀྱིས་ཕྱུག་པའི་ཤུའི་ཆོས་ལུགས་ཀྱི་སྐྱ་དམག་རྣམས་ཚ་བ་ཆེན་པོའི་དཀའ་ཁག་འོག ལྡེམ་མྱུར་རྒོད་པའི་ཨི་ཟི་ལམ་གྱི་སྐྱ་དམག་མདའ་བ་ཚོའི་དམིགས་འབེན་དུ་གྱུར། སྤྱི་ལོ1144ལོར། ཨི་ཟི་ལམ་གྱིས་ཞའོ་ཡཱ་ཞི་ཡཱའི་ཨའེ་ཏུ་སཱ་པོ(埃德萨伯)ཚུར་བླངས། ཡོབ་གླིང་ནས་ཐོན་པའི་རྒྱ་གྲམ་དམག་ཁག་གཉིས་པས་ཨའེ་ཏུ་སཱ་པོ་ཕྱིར་ལེན་ཆེད་ཤར་ཕྱོགས་སུ་དམག་འཐབ་བྱས་མོད། འོན་ཀྱང་ལམ་ཐག་རིང་མོའི་ཁྲོད་དམག་རྒྱགས་ཆད་པ་དང་རྐུན་ཇག་གིས་འཇབ་རྒོལ་ཐེབས་པས་ཕམ་ཁ་རག དཀའ་ངལ་ཆེན་པོས་ཞའོ་ཡཱ་ཞི་ཡཱར་སླེབས་པའི་དམག་མི་དག་ཀྱང་ཨི་ཟི་ལམ་གྱིས་ཕམ་པར་བཏང་། ཕ་ལེ་སི་ཐན་དུ། ཡེ་ཤུའི་ཆོས་ལུགས་ཀྱི་དབང་སྒྱུར་བས་དབང་ཆ་འཕྲོག་རྩོད་བྱེད་ཆེད་ཐོན་ཁུངས་བསྡུ་སྒྲིལ་བྱས་པར་མ་ཟད། རང་ཉིད་ཀྱི་མངའ་ཁོངས་ལ་སྲུང་སྐྱོབ་བྱས། དུས་རབས12པའི་ལོ་རབས70པར། རླབས་ཆེན་གྱི་དཔའ་རྒོད་སཱ་ལཱ་ཏིང(萨拉丁)གིས་སི་རི་ཡ་དང་ཨེ་ཅིབ་ཀྱི་ཨི་ཟི་ལམ་གཅིག་གྱུར་བྱས། སྤྱི་ལོ1187ལོར། ཧཱ་ཏིང་གཡུལ་འགྱེད་ཁྲོད། ཁོས་ཡེ་ཤུའི་ཆོས་ལུགས་པ་ཕམ་པར་བཏང་སྟེ། ཨ་ཁུ་ལི(阿克里)དང་ཅེ་རུས་ས་ལེམ་བཙན་བཟུང་བྱས། སྤྱི་ལོ1189ལོར། དབྱིན་ཀེ་ལན་གྱི་གོང་མ་ལི་ཁྲ་སྐུ་ཕྲེང་དང་པོ་དང་། འཇར་མན་གྱི་གོང་མ་སྨྲ་ར་དམར་པོ་ཅན་ཧྥུ་ལེ་ཏུ་ལི་ཁུ་སྐུ་ཕྲེང་དང་པོ། དེ་བཞིན་ཧྥ་རན་སེའི་ཧྥེ་ལི་སྐུ་ཕྲེང་གཉིས་པ་བཅས་ཀྱིས་ཐེངས་གསུམ་པའི་རྒྱ་གྲམ་དམག་གི་ཤར་འདུལ་ལ་སྣེ་ཁྲིད། སྤྱི་ལོ1191ལོར། ལི་ཁྲ་སྐུ་ཕྲེང་དང་པོས་ཨ་ཁུ་ལི་བཙན་བཟུང་བྱས།