ཧྲེང་ཙུང་དབྱི།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2025-04-29 14:38ལ་འགྲུབ།

ཧྲེང་ཙུང་དབྱི།

ཧྲེང་ཙུང་དབྱི།
ཁོ་ནི་སྤྱི་ལོ1964ལོའི་ཟླ9བར་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན་ཡིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། སྔོན་ཆད་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པའི་འགན་ཁུར་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盛宗毅
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ9བ།
ཆབ་སྲིད་རྣམ་པ།
ཀྲུང་གུང་ཏང་ཡོན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ2006ལོའི་ཟླ5བ་ནས་སྤྱི་ལོ2006ལོའི་ཟླ8པའི་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་ཞིང་ཕྱུགས་ཁྲུའུ་ཡི་ཁྲུའུ་རིམ་པ་གཞོན་པའི་ལས་བྱེད་པའི་འགན་ཁུར། 

སྤྱི་ལོ2006ལོའི་ཟླ8པ་ནས་སྤྱི་ལོ2007ལོའི་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་ཞིང་ཕྱུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར། 

སྤྱི་ལོ2007ལོའི་ཟླ11པ་ནས་སྤྱི་ལོ2009ལོའི་ཟླ3པའི་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་ཞིང་ཕྱུགས་ཁྲུའུ་ཡི་ཞིབ་དཔྱད་པ་བྱས། 

སྤྱི་ལོ2009ལོའི་ཟླ3པ་ནས་སྤྱི་ལོ2010ལོའི་ཟླ4བའི་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཞིང་ཕྱུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2010ལོའི་ཟླ4བ་ནས་སྤྱི་ལོ2011ལོའི་ཟླ12པའི་བར་ལོའི་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་དྲུང་ཡིག་ཁྲུའུ་དྲུག་པའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2011ལོའི་ཟླ12པ་ནས་སྤྱི་ལོ2016ལོའི་ཟླ1པོའི་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་དྲུང་ཡིག་ཁྲུའུ་དྲུག་པའི་ཁྲུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2016ལོའི་ཟླ1པོ་ནས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2021ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2024ལོའི་ཟླ1པོ་ནས་སྤྱི་ལོ2024ལོའི་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པའི་འགན་ཁུར། 

2 ལས་གནས་བསྐོ་འཐེན།

སྤྱི་ལོ2024ལོའི་ཟླ1པོའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བློ་མཐུན་ཧྲེང་ཙུང་དབྱི་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པར་བསྐོ་གཞག་བྱས་པ་དང་། ཁོའི་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་རིམ་པ་དང་པོའི་སྐོར་ཞིབ་པའི་གོ་གནས་ཕྱིར་འཐེན་བྱས།

སྤྱི་ལོ2024ལོའི་ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བློ་མཐུན་ཧྲེང་ཙུང་དབྱི་ཡི་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་ཁོས་ལས་འཁྱུར་ངལ་གསོ་བྱས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། མཚོ་སྔོན།