སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིགསྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:40ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག

སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་སྔོན་ཐོན་པའི་རྩོམ་རིག་ཅིག་ཡིན་ཏེ། དེས་ཀྱང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་གྱིས་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་དྲིལ་བསྒྲགས་དང་ སློབ་གསོ་གཏོང་བ། གསར་བརྗེ་རང་བཞིན་གྱི་བསམ་བློ་གསར་བའི་སློབ་གསོ་དང་དྲིལ་བསྒྲགས་བྱས་པ་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་གི་རྩ་བའི་རང་བཞིན་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་སྔོན་ཐོན་པའི་རྩོམ་རིག་ཅིག་ཡིན་ཏེ། དེས་ཀྱང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་གྱིས་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་དྲིལ་བསྒྲགས་དང་ སློབ་གསོ་གཏོང་བ། གསར་བརྗེ་རང་བཞིན་གྱི་བསམ་བློ་གསར་བའི་སློབ་གསོ་དང་དྲིལ་བསྒྲགས་བྱས་པ་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་གི་རྩ་བའི་རང་བཞིན་ཡིན། དེའང་བློ་མཐུན་ཏེང་ཞའོ་ཕིན་གྱིས་ནན་གྱིས་གདམས་པའི་རྩ་བའི་རྩ་དོན་བཞི་སྟེ། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་ངེས་པར་དུ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས། ངེས་པར་དུ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། ངེས་པར་དུ་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཁྱོངས་བཅས་བྱེད་དགོས་པའི་རྩ་དོན་བཞི་ནི་ང་ཚོས་རྩོམ་རིག་བསྟན་བཅོས་ཀྱི་གསར་རྩོམ་དང་གཟིགས་ཞིབ་མཐའ་དཔྱོད་བྱེད་པའི་བསམ་པའི་ཚད་གཞིར་འཇོག་འོས་པ་དང་སྒོས་སུ་མཐའ་དཔྱོད་ཀྱི་བསམ་པའི་ཚད་གཞི་དངོས་ཡིན་ནོ།།