རྩོམ་རིག་བསྟན་བཅོས་ཀྱི་བསམ་བློའི་རང་བཞིན།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:41ལ་འགྲུབ།

རྩོམ་རིག་བསྟན་བཅོས་ཀྱི་བསམ་བློའི་རང་བཞིན།

​རྩོམ་རིག་བསྟན་བཅོས་ཀྱི་བསམ་བློའི་རང་བཞིན་ནི་ཕྱི་ཡུལ་གྱི་བསམ་བློ་དང་ཡུལ་ཅན་གྱི་བསམ་བློའི་ཕྱོགས་གཉིས་ནས་གྲུབ་སྟེ། ཕྱི་ཡུལ་གྱི་བསམ་བློ་ཞེས་པ་བསྟན་བཅོས་ཀྱི་བརྗོད་བྱ་དངོས་ཡོད་འཚོ་བར་འབྲེལ་བའི་མི་སྣའི་སྣང་བརྙན་གྱི་རང་གཤིས་སུ་མངོན་པའི་བརྗོད་སྙིང་ངམ་དེའི་བསམ་བློའི་རང་བཞིན་ལ་བྱའོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་བསྟན་བཅོས་ཀྱི་བསམ་བློའི་རང་བཞིན་ནི་ཕྱི་ཡུལ་གྱི་བསམ་བློ་དང་ཡུལ་ཅན་གྱི་བསམ་བློའི་ཕྱོགས་གཉིས་ནས་གྲུབ་སྟེ། ཕྱི་ཡུལ་གྱི་བསམ་བློ་ཞེས་པ་བསྟན་བཅོས་ཀྱི་བརྗོད་བྱ་དངོས་ཡོད་འཚོ་བར་འབྲེལ་བའི་མི་སྣའི་སྣང་བརྙན་གྱི་རང་གཤིས་སུ་མངོན་པའི་བརྗོད་སྙིང་ངམ་དེའི་བསམ་བློའི་རང་བཞིན་ལ་བྱའོ། ། ཡུལ་ཅན་གྱི་བསམ་བློ་ཞེས་པ་རྩོམ་པ་པོས་རང་གི་བརྗོད་བྱ་འཚོ་བ་དངོས་ལ་དཔྱད་གསུམ་གྱི་རིག་པ་ལ་བརྟེན་ནས་རྟོག་དཔྱོད་ཞིབ་འཇུག་དང་གདེང་འཇོག་བྱེད་པའི་སྒོ་ནས་སྣང་བརྙན་གྱི་སྲོག་ཏུ་གྱུར་པའི་ལྟ་བའམ་བསམ་བློ་ལ་བྱའོ། ། སྤྱིར་དེ་དག་གཅིག་གྱུར་དུ་སྣང་ལ་དེ་ཡང་གདོད་མ་ནས་གཞི་གཅིག་མ་ཡིན་ཏེ། དེ་དག་གཅིག་གྱུར་དུ་སྣང་བའི་རྒྱུ་མཚན་ནི་བསྟན་བཅོས་ཀྱི་སྣང་བརྙན་རྣམས་ལ་རྩོམ་པ་པོའི་ཆགས་སྡང་གི་སེམས་རྒྱུད་ཞུགས་པ་ཞིག་གཅིག་ཀྱང་མེད་པས་སྒྱུ་རྩལ་སྣང་བརྙན་དུ་ཁོའི་ཆགས་སྡང་གི་སེམས་ཀྱིས་གཏམས་པས་སོ། ། དེའང་གདོད་མ་ནས་གཞི་གཅིག་ཏུ་གྲུབ་མེད་དེ། རྩོམ་རིག་བསྟན་བཅོས་ཀྱི་བསམ་བློ་ཡང་སྣང་བརྙན་བྱེ་བྲག་པ་སོ་སོ་བརྒྱུད་ནས་རང་མཚན་དུ་མངོན་པས་དེ་དག་སོ་སོ་ཐ་དད་དུའང་གྲུབ། ལེགས་པར་བསྐྲུན་པའི་སྒྱུ་རྩལ་སྣང་བརྙན་ནི་འདུ་ཤེས་ག་གེ་མོའི་དཔེར་བརྗོད་དམ་མཚོན་རིས་ཙམ་ཞིག་གཏན་ནས་མ་ཡིན་ཏེ། ལྟོས་བཅས་ སུ་རང་དབང་ཆེ་ཞིང་གསོན་ཉམས་ལྡན་པའི་འཇིག་ རྟེན་ཞིག་ཡིན་ལ། སྒྱུ་རྩལ་སྣང་བརྙན་གྱི་ཉམས་དང་འགྱུར་པའི་སྣང་ཚུལ། མཚོན་དོན་ལ་རིག་པས་ཞིབ་ཏུ་དཔག་ན་ལར་རྩོམ་པ་པོའི་བློ་ལས་འདས་པའི་བརྗོད་སྙིང་གསར་བ་ཞིག་གསར་དུ་འདོན་ཐུབ།