རྩོམ་རིག་གི་བདེན་དངོས་རང་བཞིན།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:41ལ་འགྲུབ།

རྩོམ་རིག་གི་བདེན་དངོས་རང་བཞིན།

རྩོམ་རིག་གི་བདེན་དངོས་རང་བཞིན་ནི་རྩོམ་པ་པོས་བདེན་དངོས་ཀྱི་སྒོ་ནས་སྤྱི་ཚོགས་འཚོ་བའི་ཆོས་ཉིད་དངོས་མཚོན་དགོས་པར་མ་ཟད་རྩོམ་པ་པོ་རང་ལ་ཆགས་སྡང་གི་སེམས་བཅོས་མིན་པ་དང་ཀུན་སློང་རྣམ་དག་ཅིག་ངེས་པར་ལྡན་དགོས། རྩོམ་པ་པོས་བྲིས་པའི་བརྗོད་བྱའི་འཚོ་བ་དེ་རང་གི་ཉམས་མྱོང་དངོས་ཀྱི་སྙིང་ཁོང་ལས་ཐོན་པའི་ཉམས་རྟོགས་དངོས་རྗོད་བྱེད་ངག་གི་རྣམ་པར་རིག་བྱེད་དུ་བརྗོད་པ་ཞིག
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་གི་བདེན་དངོས་རང་བཞིན་ནི་རྩོམ་པ་པོས་བདེན་དངོས་ཀྱི་སྒོ་ནས་སྤྱི་ཚོགས་འཚོ་བའི་ཆོས་ཉིད་དངོས་མཚོན་དགོས་པར་མ་ཟད་རྩོམ་པ་པོ་རང་ལ་ཆགས་སྡང་གི་སེམས་བཅོས་མིན་པ་དང་ཀུན་སློང་རྣམ་དག་ཅིག་ངེས་པར་ལྡན་དགོས། རྩོམ་པ་པོས་བྲིས་པའི་བརྗོད་བྱའི་འཚོ་བ་དེ་རང་གི་ཉམས་མྱོང་དངོས་ཀྱི་སྙིང་ཁོང་ལས་ཐོན་པའི་ཉམས་རྟོགས་དངོས་རྗོད་བྱེད་ངག་གི་རྣམ་པར་རིག་བྱེད་དུ་བརྗོད་པ་ཞིག་དང་། དེ་ཡང་ཡཱ་ལི་སི་དོ་དཱས། རྩོམ་པ་པོས་རང་གི་སྒྱུ་རྩལ་བསྟན་བཅོས་ལ་བརྟེན་ནས་གཞན་ལ་བཅོས་མ་མིན་པའི་བདེན་སྣང་གི་བག་ཆགས་ཤིག་འཇོག་དགོས་པ་ལས་བཅོས་མ་དང་རྫུན་བཟོའི་གཡོ་སྒྱུ་ཚད་མི་རུང་། ཞེས་པ་དང་བཅོས་མ་དང་རྫུན་བཟོའི་གཡོ་སྒྱུ་ཚད་ན་ཀློག་མཁན་རྣམས་ལ་ང་ཚོས་ལྐོག་ན་གཡོ་སྒྱུ་ཚད་བཞིན་པའི་དོགས་སྣང་དང་། ཆང་ལ་ཆུ་སྦྱར་ཏེ་ལྡུད་པ་ལྟ་བུའི་དོགས་སྣང་སྐྱེས་ངེས། ཞེས་བསྟན་པ་ལྟ་བུ། བཅོས་མེད་བདེན་གྲུབ་ཀྱི་རང་བཞིན་ནི་སྙན་ངག་དང་བཅས་པའི་སྒྱུ་རྩལ་བསྟན་བཅོས་སྤྱིའི་སྲོག་ཏུ་འཛིན་པ་ནི་རྒྱལ་ཁབ་ཕྱི་ནང་དང་གནའ་ནས་ད་ལྟའི་བར་གྱི་རྩོམ་རིག་སྨྲ་བ་རྣམས་ཀྱི་ཐུན་མོང་གི་འདོད་པ་ཡིན་ནོ། །


བརྡ་འགྲེལ་གདོང་འཛར།

བདེན་དངོས། སྒྱུ་རྩལ། བསྟན་བཅོས།