རྩོམ་རིག་གི་བདེན་དངོས།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:41ལ་འགྲུབ།

རྩོམ་རིག་གི་བདེན་དངོས།

རྩོམ་རིག་གི་བདེན་དངོས་ནི་འཚོ་བའི་སྣང་ཚུལ་ཙམ་གྱི་བདེན་དངོས་མ་ཡིན་པར་འཚོ་བ་དངོས་ཀྱི་རང་བཞིན་དང་ཆོས་ཉིད་མངོན་པར་མཚོན་པའི་བདེན་དངོས་ཀྱི་རང་བཞིན་ཟབ་ཅིང་བརླིང་བ་ཞིག་ཡིན། འཚོ་བའི་ངོ་བོ་མཚོན་པའི་བདེན་དངོས་ནི་རྩོམ་རིག་བསྟན་བཅོས་ཀྱི་སྲོག་ཏུ་གྱུར་བའི་རྩ་བའི་རང་བཞིན་གྱི་གྲུབ་ཆ་དངོས་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1  མཆན་འགྲེལ།  

རྩོམ་རིག་གི་བདེན་དངོས་ནི་འཚོ་བའི་སྣང་ཚུལ་ཙམ་གྱི་བདེན་དངོས་མ་ཡིན་པར་འཚོ་བ་དངོས་ཀྱི་རང་བཞིན་དང་ཆོས་ཉིད་མངོན་པར་མཚོན་པའི་བདེན་དངོས་ཀྱི་རང་བཞིན་ཟབ་ཅིང་བརླིང་བ་ཞིག་ཡིན། འཚོ་བའི་ངོ་བོ་མཚོན་པའི་བདེན་དངོས་ནི་རྩོམ་རིག་བསྟན་བཅོས་ཀྱི་སྲོག་ཏུ་གྱུར་བའི་རྩ་བའི་རང་བཞིན་གྱི་གྲུབ་ཆ་དངོས་ཡིན། རྩོམ་རིག་སྒྱུ་རྩལ་གྱི་བདེན་དངོས་ནི་འཚོ་བའི་སྣང་ཚུལ་གྱི་བདེན་དངོས་དང་ངོ་བོའི་བདེན་དངོས་གཉིས་གཅིག་གྱུར་གྱི་བདག་ཉིད་ཅན་ཞིག་ཡིན། གལ་སྲིད་སྣང་ཚུལ་ཙམ་གྱི་བདེན་དངོས་ཀྱི་རྣམ་པར་ལུས་ན་འཚོ་བའི་འདྲ་གཟུགས་ཙམ་རིས་སུ་ཐོན་པར་བྲིས་པ་ལས་དེའི་ངོ་བོའི་བདེན་དངོས་རང་བཞིན་གྱི་ཆོས་ཉིད་ཟབ་མོ་མངོན་མི་ནུས་པར་ཕྱི་ཚུལ་ཁོ་ན་འཛིན་པའི་གནས་སུ་ལུས་ནས་མཐར་རང་བྱུང་རིང་ལུགས་པའི་འདམ་རྫབ་ཏུ་བྱིང་ཉེན་ཆེའོ། ། དེ་ཡང་འཚོ་བའི་སྣང་ཚུལ་གྱི་བདེན་དངོས་རིས་སུ་ཐོན་པར་མ་བྲིས་ན་འཚོ་བའི་ངོ་བོའི་བདེན་དངོས་ཐེག་བྱེད་ལུས་ཀྱི་ལང་ཚོའི་རྟེན་དང་བྲལ་བ་དང་། འཚོ་བ་དངོས་ཀྱི་གསོན་ཉམས་ཤོར་བའི་སྒྲ་དང་དོན་སྤྱི་ཙམ་གྱི་མིང་དང་ཐ་སྙད་སྐམ་པོའི་ཚོགས་པ་ཙམ་གྱི་སྟོང་བཤད་དུ་འགྱུར་ཉེན་ཆེའོ། །