རྩོམ་རིག་བསྟན་བཅོས་ཀྱི་སྒྱུ་རྩལ་གྱི་བདེན་དངོས་རང་བཞིན།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:41ལ་འགྲུབ།

རྩོམ་རིག་བསྟན་བཅོས་ཀྱི་སྒྱུ་རྩལ་གྱི་བདེན་དངོས་རང་བཞིན།

​རྩོམ་རིག་བསྟན་བཅོས་ཀྱི་སྒྱུ་རྩལ་གྱི་བདེན་དངོས་རང་བཞིན་ནི་དངོས་ཡོད་འཚོ་བའི་བདེན་དངོས་ཀྱི་རྨང་གཞི་ལས་མངོན་པར་གྲུབ་དགོས། སྒྱུ་རྩལ་གྱི་བདེན་དངོས་དང་འཚོ་བའི་བདེན་དངོས་གཉིས་མི་འདྲ་སྟེ། དེ་དག་གཞི་མཐུན་ཡིན་ལ་ཁྱད་པར་ཡང་ཤིན་ཏུ་ཆེའོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་བསྟན་བཅོས་ཀྱི་སྒྱུ་རྩལ་གྱི་བདེན་དངོས་རང་བཞིན་ནི་དངོས་ཡོད་འཚོ་བའི་བདེན་དངོས་ཀྱི་རྨང་གཞི་ལས་མངོན་པར་གྲུབ་དགོས། སྒྱུ་རྩལ་གྱི་བདེན་དངོས་དང་འཚོ་བའི་བདེན་དངོས་གཉིས་མི་འདྲ་སྟེ། དེ་དག་གཞི་མཐུན་ཡིན་ལ་ཁྱད་པར་ཡང་ཤིན་ཏུ་ཆེའོ། ། རང་རྒྱལ་གྱི་སྲོལ་རྒྱུན་གྱི་མཐའ་དཔྱོད་རིག་པར་རྩོམ་རིག་དང་ལོ་རྒྱུས། བདེན་དངོས་དང་དོན་དངོས་སོགས་དབྱེར་མེད་དུ་དཔྱོད་པའི་སྲོལ་ལུགས་ཀྱི་ཕྱོགས་ལྷུང་ཞིག་སྔོན་ནས་ཆགས་ཡོད་དེ། དཔེར་ན་ཆིན་རྒྱལ་རབས་ཀྱི་སྒྲུང་རྩོམ་མཐའ་དཔྱོད་པ་འགས《རྒྱལ་ཕྲན་གསུམ་གྱི་རྟོགས་བརྗོད》ཅེས་པའི་ལོ་རྒྱུས་སྒྲུང་རྩོམ་ལ་མཐའ་དཔྱོད་བྱེད་ཚེ་ལོ་རྒྱུས་དངོས་ཀྱི་དོན་དངོས་དག་དྲངས་ཏེ་སྒྲུང་རྩོམ་གྱི་མི་སྣའི་སྣང་བརྙན་དང་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཁུངས་ལུང་གི་བདེན་དབང་བཅོལ་བའི་སྒོ་ནས་མཐའ་དཔྱོད་གདེང་འཇོག་བྱས་ཡོད་ལ། དོན་དངོས་སུ་སྒྱུ་རྩལ་བསྟན་བཅོས་ཀྱི་བདེན་དངོས་དང་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་དོན་དངོས་ཀྱི་བདེན་དངོས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ་སྒྱུ་རྩལ་གྱི་བདེན་དངོས་ནི་འབྱུང་སྲིད་ཀྱི་བདེན་དངོས་སམ་བདེན་དངོས་ཀྱི་རང་བཞིན་དང་ཆོས་ཉིད་མཚོན་པ་ཙམ་ལས་དོན་དངོས་སུ་མངོན་པར་འབྱུང་དགོས་པའི་ངེས་པ་མེད་དོ། ། པཱེ་ལིན་སི་ཅིས། སྙན་ངག་ལ་དོན་འདི་སྔོན་བྱུང་མྱོང་ངམ་ཞེས་དྲི་བ་འདོན་མི་རུང་ལ། འོན་ཏེ་སྙན་ངག་གིས་ནམ་ཡང་བརྗོད་དོན་དེ་མངོན་པར་འབྱུང་སྲིད་པ་དང་། དངོས་ཡོད་འཚོ་བའི་ཁྲོད་དུ་མངོན་པར་འབྱུང་སྲིད་དོ་ཞེས་ལན་གསལ་བོ་ཞིག་འདེབས་ཕོད་དགོས། ཞེས་གསུངས་པ་ལྟ་བུའོ། །