རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:41ལ་འགྲུབ།

རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན།

སྤྱིར་རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་ནི་སྤྱི་ཚོགས་འཚོ་བ་ལས་ཐོན་པར་སྨོས་མ་དགོས།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ། 

སྤྱིར་རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་ནི་སྤྱི་ཚོགས་འཚོ་བ་ལས་ཐོན་པར་སྨོས་མ་དགོས་ཏེ། སྤྱི་ཚོགས་འཚོ་བའི་རྦ་རླབས་དྲག་པོས་ཕོག་བརྡབ་ཀྱི་རྒྱུན་ལས་ཐོན་པའི་འཚོ་བའི་སྣང་ཚུལ་ཁྱད་པར་བ་དང་འཇིག་རྟེན་འཚོ་བའི་སྐྱིད་སྡུག་རང་བཞིན་གྱི་སྣང་ཚུལ་མཐའ་དག་རྒྱ་མཚོ་བསྲུབས་པ་ལས་ཟླ་བ་བྱུང་བ་བཞིན་རྩོམ་པ་པོས་འཚོ་བའི་ཉམས་མྱོང་གི་རྟོགས་པ་ངག་སྦྱོར་གྱི་བསྟན་བཅོས་སུ་བརྩམས་ཏེ་རང་གི་འཇིག་རྟེན་ལྟ་བ་དང་མཛེས་རྟོག་གི་ཕུགས་བསམ་མངོན་པར་བསྟན། དེར་བརྟེན་རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་ནི་ལྟོས་མེད་ཀྱི་འདུ་ཤེས་སམ་ཕྱི་རོལ་ཡུལ་གྱི་བསམ་བློ་ཞེས་པའི་གང་ཡང་རུང་བའི་སྤྱི་མཚན་པ་ཞིག་གཏན་ནས་མ་ཡིན་ལ་རྩོམ་པ་པོའི་རང་གཤིས་ཀྱི་འདུ་ཤེས་འབའ་ཞིག་དང་རང་བསྟོད་ཁོ་ན་ཞིག་ཀྱང་གཏན་ནས་མ་ཡིན་ནོ། །