རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:41ལ་འགྲུབ།

རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན།

​རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་ནི་ཕྱི་རོལ་ཡུལ་གྱི་འཚོ་བ་དངོས་ཡིན་ལ། དེ་ནི་ནང་སེམས་ཀྱི་འདུ་ཤེས་ལས་ལྡོག་པའི་ཕྱི་རོལ་ཡུལ་གྱིཆོས་ཉིད་དམ་བདེན་དངོས་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་ནང་དོན་ནི་ཕྱི་རོལ་ཡུལ་གྱི་འཚོ་བ་དངོས་ཡིན་ལ། དེ་ནི་ནང་སེམས་ཀྱི་འདུ་ཤེས་ལས་ལྡོག་པའི་ཕྱི་རོལ་ཡུལ་གྱིཆོས་ཉིད་དམ་བདེན་དངོས་ཡིན། ཕྱི་རོལ་ཡུལ་གྱི་བདེན་དངོས་དེ་སྒྱུ་རྩལ་བདེན་དངོས་ཀྱི་རྩ་བའི་འབྱུང་ཁུངས་ཡིན། བསྟན་བཅོས་སུ་ཕྱི་རོལ་ཡུལ་གྱི་འཚོ་བ་མངོན་སུམ་དུ་མཚོན་ཐུབ་ན་དེ་ལ་བདེན་དངོས་ཀྱི་རང་བཞིན་ལྡན་པ་ཡིན་ཞེས་བརྗོད་ཆོག རྩོམ་རིག་བསྟན་བཅོས་ཀྱི་བདེན་དངོས་རང་བཞིན་སྤྱི་ཚོགས་འཚོ་བའི་རང་བཞིན་དང་ཆོས་ཉིད་དངོས་སུ་མཚོན་པས། ཏེའུ་དེ་རོ་ཡིས། བརྗོད་བྱའི་དོན་དངོས་ཇི་བཞིན་དུ་མངོན་པར་མཚོན་དགོས་ལ་ཟློས་གར་གྱིས་དེ་བས་བདེན་དངོས་སུའམ་དེ་བས་ཀྱང་ཡིད་དབང་ཕྲོགས་ཤིང་མཛེས་སྡུག་ལྡན་པ་ཞིག་མཚོན་དགོས་སོ། ། ཞེས་བསྟན་པ་དང་། དེ་ཡང་པཱེ་ལིན་སི་ཅིས་ཀྱང་། སྤྲོ་གར་གྱི་སྒྱུ་རྩལ་དུ་སྙན་ངག་པའི་བརྗོད་བྱའི་སྙིང་པོ་སྔོན་དུ་གཏན་འཁེལ་བྱས་ཟིན་ལ་དེ་མཚོན་བྱེད་དུའང་ཕྱི་རོལ་ཡུལ་གྱི་འཚོ་བའི་བདེན་དངོས་ཀྱི་ཚུལ་མངོན་སུམ་ཇི་བཞིན་གཟུགས་རིས་སུ་ཐོན་པར་འབྲི་མི་འོས་ཏེ། དེ་ལྟར་བྲིས་ན་སྤྲོ་གར་གྱི་སྒྱུ་རྩལ་དེ་ཆོས་བཤད་ཀྱི་སྤྲོ་གར་ཙམ་དུ་འགྱུར་ཉེན་ཆེའོ། ། ཞེས་བསྟན་པ་ལྟ་བུའོ། །