རྩོམ་རིག་བསྟན་བཅོས་ཀྱི་བདེན་དངོས་རང་བཞིན།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:42ལ་འགྲུབ།

རྩོམ་རིག་བསྟན་བཅོས་ཀྱི་བདེན་དངོས་རང་བཞིན།

རྩོམ་རིག་བསྟན་བཅོས་ཀྱི་བདེན་དངོས་རང་བཞིན་ནི་དངོས་ཡོད་འཇིག་རྟེན་གྱི་འཚོ་བའི་བདེན་དོན་དང་ནང་སེམས་ངོས་ཀྱི་བདེན་དོན་གཉིས་གཅིག་ཏུ་གྱུར་བའི་ཆོས་ཉིད་མཚོན་པའི་བདེན་དངོས་ཀྱི་རང་བཞིན་ལ་བྱའོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་བསྟན་བཅོས་ཀྱི་བདེན་དངོས་རང་བཞིན་ནི་དངོས་ཡོད་འཇིག་རྟེན་གྱི་འཚོ་བའི་བདེན་དོན་དང་ནང་སེམས་ངོས་ཀྱི་བདེན་དོན་གཉིས་གཅིག་ཏུ་གྱུར་བའི་ཆོས་ཉིད་མཚོན་པའི་བདེན་དངོས་ཀྱི་རང་བཞིན་ལ་བྱའོ། ། རྩོམ་རིག་བསྟན་བཅོས་དངོས་ལ་མཐའ་དཔྱོད་གདེང་འཇོག་བྱེད་ཚེ་བསྟན་བཅོས་དང་འཚོ་བ་དངོས་ཀྱི་འབྲེལ་བ། འཚོ་བ་དངོས་ཀྱི་གནས་ཚུལ་མཚོན་ཐུབ་ མིན་དང་སྣང་བརྙན་བྲིས་པར་གསོན་ཉམས་ལྡན་མིན་དང་། དེས་དངོས་ཡོད་སྤྱི་ཚོགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་ཡོད་མེད་བཅས་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་དགོས་པ་དང་། དུས་མཚུངས་རྩོམ་པ་པོའི་གསར་རྩོམ་གྱི་བསམ་པའི་ཀུན་སློང་དང་འཚོ་བའི་ཉམས་རྟོགས། ཆགས་སྡང་གི་སེམས་རྒྱུད་དྲང་བདེན་དུ་མངོན་པར་ཐོན་ཡོད་མེད་བཅས་ལ་གཞིགས་ནས་རྟོག་ཅིང་དཔྱོད་དགོས་སོ། །