ལོ་རྒྱུས་ཀྱི་ལྟ་བ།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:42ལ་འགྲུབ།

ལོ་རྒྱུས་ཀྱི་ལྟ་བ།

ལོ་རྒྱུས་ཀྱི་ལྟ་བ་ཞེས་པ་ནི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལྟར་གཟབ་ཅིང་ནན་པས་རྩོམ་རིག་བསྟན་བཅོས་བྱུང་བའི་ལོ་རྒྱུས་དུས་སྐབས་དང་གནས་ཚུལ་དངོས་དང་འབྲེལ་བའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ་སྐབས་དེའི་སྤྱི་ཚོགས་ཀྱི་ནང་དོན་དང་རིན་ཐང་གི་ཚུལ་ལ་དགག་སྒྲུབ་ཀྱིས་མཐའ་དཔྱད་པ་ལ་བྱའོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

ལོ་རྒྱུས་ཀྱི་ལྟ་བ་ཞེས་པ་ནི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལྟར་གཟབ་ཅིང་ནན་པས་རྩོམ་རིག་བསྟན་བཅོས་བྱུང་བའི་ལོ་རྒྱུས་དུས་སྐབས་དང་གནས་ཚུལ་དངོས་དང་འབྲེལ་བའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ་སྐབས་དེའི་སྤྱི་ཚོགས་ཀྱི་ནང་དོན་དང་རིན་ཐང་གི་ཚུལ་ལ་དགག་སྒྲུབ་ཀྱིས་མཐའ་དཔྱད་པ་ལ་བྱའོ། ། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་ལཱ་སཱར་གྱི《ཧྥུན་ཅེ་ཅིན་གིན》ལ་མཐའ་དཔྱོད་བྱེད་པའི་ཚེ། ཁོ་བོས་སྐྱ་དམག་ཧྥུན་ཅེ་ཅིན་གིན་གྱིས་དྲག་པོའི་གྱེན་ལངས་བྱུང་བའི་སྤྱི་ཚོགས་ལོ་རྒྱུས་དང་གྲལ་རིམ་གྱི་ནང་དོན་དངོས་དང་བྲལ་བ་དང་། ཉམས་རྒུད་གྲལ་རིམ་གྱི་སྐུ་ཚབ་པ་དེ་དག་འཇར་མན་གྱི་སྐྱེས་ཆེན་དང་མི་དམངས་ཀྱི་མགོན་སྐྱབས་སུ་མཛེས་པར་བཀོད་པ་ལ་བཀའ་བཀྱོན་ཚབས་ཆེན་གནང་། དུས་མཚུངས་ཧྥུན་ཅི་ཅིན་གྱིན་དང་གར་སྟེགས་ཀྱི་མི་སྣ་གཞན་དག་རྣམས་འཚར་ལོངས་བྱུང་བའི་ལོ་རྒྱུས་གནས་ཚུལ་སྐབས་དེའི་ཞིང་བའི་ལས་འགུལ་གྱི་ལོ་རྒྱུས་དངོས་སུ་བཀོད་ན་ལས་འགུལ་དེའི་རང་བཞིན་དངོས་མངོན་ཐུབ་ཅེས་བསྟན་པའི་དགོངས་དོན་དེ་ནི་ལོ་རྒྱུས་ཀྱི་ལྟ་བའི་སྟེང་ནས་མཐའ་དཔྱོད་པའི་མིག་དཔེ་ཡིན།