མཛེས་རྩལ་རིག་པའི་ལྟ་བ།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:42ལ་འགྲུབ།

མཛེས་རྩལ་རིག་པའི་ལྟ་བ།

​མཛེས་རྩལ་རིག་པའི་ལྟ་བ་བྱ་བ་མར་ཁེ་སི་རིང་ལུགས་ཀྱི་མཛེས་རྩལ་རིག་པའི་ལྟ་བ་གཞིར་བཟུང་སྟེ་བསྟན་བཅོས་ཀྱི་སྒྱུ་རྩལ་གྲུབ་འབྲས་སམ་རིན་ཐང་། ཁྱད་ཆོས་སོགས་ཀྱི་མཛེས་ཡོན་ལ་རྟོག་དཔྱོད་དང་གདེང་འཇོག་བྱེད་པ་ལ་བྱའོ། །
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

མཛེས་རྩལ་རིག་པའི་ལྟ་བ་བྱ་བ་མར་ཁེ་སི་རིང་ལུགས་ཀྱི་མཛེས་རྩལ་རིག་པའི་ལྟ་བ་གཞིར་བཟུང་སྟེ་བསྟན་བཅོས་ཀྱི་སྒྱུ་རྩལ་གྲུབ་འབྲས་སམ་རིན་ཐང་། ཁྱད་ཆོས་སོགས་ཀྱི་མཛེས་ཡོན་ལ་རྟོག་དཔྱོད་དང་གདེང་འཇོག་བྱེད་པ་ལ་བྱའོ། ། མར་ཁེ་སི་དང་ཨེན་ཀོ་སི་རྣམ་གཉིས་ཀྱིས་ལཱ་སར་གྱི་《ཧྥུན་ཅེ་ཅིན་གིན》ཞེས་པའི་ཟློས་གར་འཁྲབ་གཞུང་ལ་གདེང་འཇོག་བྱེད་ཚེ་མཛེས་རྩལ་རིག་པའི་ལྟ་བ་གཞིར་བཟུང་སྟེ་ལཱ་སར་གྱི་ཟློས་གར་འཁྲབ་གཞུང་ལ་རྩོམ་རིག་སྒྱུ་རྩལ་གྱི་མཛེས་རྟོག་གི་ཆོས་ཉིད་དང་འགལ་བའི་ཆ་སྟེ་མི་སྣ་སྤྱི་མཚན་རང་བཞིན་གྱི་འདུ་ཤེས་མཚོན་བྱེད་ཀྱི་འབག་སྐུར་གྱུར་པས། རང་གཤིས་ཉམས་པའི་ཕྱོགས་ལྷུང་ལ་བཀའ་བཀྱོན་གཟབ་ནན་གནང་བར། ཁྱོད་ཀྱི་སྐྱོན་ཆེན་པོ་ནི་ཞི་ལཱ་ལྟར་མི་སྣ་དུས་རབས་ཀྱི་བསམ་འདུན་མཚོན་བྱེད་ཀྱི་བྱིས་སྒྲུང་གི་རྣམ་པར་གྱུར་འདུག་ཅེས་པ་དང་། འཁྲབ་གཞུང་ལ་མི་སྣའི་རང་གཤིས་བྲིས་པར་དེའི་ཁྱད་ཆོས་ཅི་ཡང་མངོན་གསལ་དུ་ཐོན་མ་ཐུབ་པར་སྣང་ཞེས་བསྟན་པ་དང་། དེ་མིན་ལཱ་སར་གྱི་གསར་རྩོམ་ཐད་ཀྱི་ནོར་འཁྲུལ་གྱི་ཕྱོགས་ལྷུང་ལ་ཁྱད་དུ་དམིགས་ནས་ཁྱེད་ཀྱིས་སྒོས་སུ་ཧྲ་ཧྲི་པི་ཡའི་སྒྱུ་རྩལ་གྱི་རྣམ་པར་སྒྱུར་དགོས་ཞེས་སློབ་སྟོན་གནང་བ་དང་། ང་ཚོས་འདུ་ཤེས་ཀྱི་བསམ་བློའི་དོན་དུ་དངོས་ཡོད་རིང་ལུགས་བརྗེད་མི་རུང་སྟེ། ཞི་ལཱའི་དོན་དུ་ཧྲ་ཧྲི་པི་ཡའང་བརྗེད་མི་རུང་ངོ་། ། ཞེས་བསྟན་པ་ལྟ་བུ། དེ་མིན་འཁྲབ་གཞུང་དེའི་བྱུང་རིམ་དང་སྒྲིག་གཞི། སྒྲ་གདངས་ཀྱི་སྡེབ་སྦྱོར་སོགས་ལ་ཁོང་རྣམ་གཉིས་ཀྱིས་མཐའ་དཔྱོད་ཡང་དག་མཛད་དེ་འཁྲབ་གཞུང་དེའི་ལོ་རྒྱུས་ཀྱི་བརྗོད་བྱའི་ནང་དོན་དང་ཆབ་སྲིད་ཕྱོགས་ལྷུང་དག་ལ་མཛེས་རྩལ་རིག་པ་དང་ལོ་རྒྱུས་ཀྱི་ལྟ་བ་ཟུང་འབྲེལ་གྱིས་མཐའ་དཔྱོད་བཏང་ཡོད།