མར་ཁེ་སེ་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:42ལ་འགྲུབ།

མར་ཁེ་སེ་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི།

མར་ཁེ་སེ་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་ནི་མཛེས་རྩལ་རིག་པ་དང་ལོ་རྒྱུས་ཀྱི་ལྟ་བ་གཅིག་གྱུར་དུ་སྤེལ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

མར་ཁེ་སེ་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་ནི་མཛེས་རྩལ་རིག་པ་དང་ལོ་རྒྱུས་ཀྱི་ལྟ་བ་གཅིག་གྱུར་དུ་སྤེལ་བ་ཞིག་ཡིན། ཨེན་ཀེ་སིས་དུས་རབས་བཅུ་དགུ་བའི་བགྲང་བྱ་བཞི་བཅུ་བའི་ནང་ལ་གོ་ལེའུ་ཨུན་གྱིས་བརྩམས་པའི《མི་གཤིས་ཀྱི་ལྟ་བའི་སྟེང་ནས་གོ་ཏེ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ལ་མཐའ་དཔྱོད་གནང་སྐབས། ང་ཚོས་ཀུན་སྤྱོད་དང་གྲུབ་མཐའི་ཤོག་ཁག་གི་ཕྱོགས་ནས་གོ་ཏེ་ལ་སྐྱོན་བཙུགས་པ་མ་ཡིན་པར་མཛེས་རྩལ་རིག་པ་དང་ལོ་རྒྱུས་ཀྱི་ལྟ་བའི་སྟེང་ནས་ཁོང་ལ་སྐྱོན་བརྗོད་བྱེད་པ་ཡིན། ཞེས་བསྟན་པ་དང་། སྤྱི་ལོ1859ལོར་ཨེན་ཀོ་སིས《ཧྥེ་ལཱ་སའི་སྤྲིངས་ཡིག》ཅེས་པའི་འཕྲིན་ཡིག་ནང་། ངས་མཛེས་རྩལ་རིག་པ་དང་ལོ་རྒྱུས་ཀྱི་ལྟ་བ་སྟེ་བླ་ན་མཐོ་བའི་ཚད་གཞིའི་སྟེང་ནས་ཁྱེད་ཀྱི་བསྟན་བཅོས་ལ་དཔྱད་པ་བཏང་ཡོད་ཅེས་གསུངས་པ་ལྟར་ཨེན་ཀོ་སིས་བསྟན་པའི་མཛེས་རྩལ་རིག་པའི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ་གཉིས་གཅིག་གྱུར་དུ་ཡོང་བ་ཞེས་པ་མར་ཁེ་སི་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་མཐའ་དཔྱོད་རིག་པའི་ཚད་གཞིར་འཛིན།