རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི།སྔ་མའི་པར་གཞི་དེ དགྲ་ལྷ་བཀྲ་ཤིས།11  ནས 2024-04-26 17:42ལ་འགྲུབ།

རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི།

​རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་ནི་ལོ་རྒྱུས་ལས་གྲུབ་པ་ཞིག་ཡིན་པས་དེ་ལ་དུས་རབས་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྩོམ་རིག་གཞུང་ལུགས་གནད་བསྡུས》
རིགས་དབྱེ།
རྩོམ་རིག
1 མཆན་འགྲེལ།  

རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་ནི་ལོ་རྒྱུས་ལས་གྲུབ་པ་ཞིག་ཡིན་པས་དེ་ལ་དུས་རབས་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན། ལ་ལས་རྩོམ་རིག་གི་ཚད་གཞི་ནི་དུས་རབས་ནས་དུས་རབས་སུ་རྟག་བརྟན་འགྱུར་མེད་པའི་རྩ་དོན་དུ་བསྟོད་འདོད་ལ་དེ་ནི་ཕྱི་དངོས་པོའི་ཆོས་ཉིད་དང་འགལ་བ་འབྱུང་མི་སྲིད་པ་ཞིག་ཡིན།  དུས་རབས་སོ་སོའི་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་ལ་དུས་སྐབས་དང་ལོ་རྒྱུས་གནས་ཚུལ་ལམ་ཆ་རྐྱེན་གྱི་དབང་དུ་འགྲོ་ངེས་པས། དུས་རབས་དེའི་གོམས་གཤིས་ དང་ལུགས་སྲོལ། སྤྱི་ཚོགས་ཀྱི་བསམ་རྒྱུན། རྩོམ་རིག་སྒྱུ་རྩལ་གྱི་ལྟ་བ་དང་མཛེས་རྟོག་གི་མོས་པ་སོགས་ནས་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་གྲུབ་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། སྤྱི་ཚོགས་ཀྱི་ཡར་རྒྱས་གོང་འཕེལ་ལ་བསྟུན་ནས་རྩོམ་རིག་ཀྱང་གོང་འཕེལ་དུ་འགྲོ་བར་བརྟེན་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞིའང་དེ་བཞིན་དུ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།