དངུལ་རྩ་མཚམས་སྦྱོར་ལས་ཁུངས།སྔ་མའི་པར་གཞི་དེ འབའYoungsan  ནས 2024-04-25 09:40ལ་འགྲུབ།

དངུལ་རྩ་མཚམས་སྦྱོར་ལས་ཁུངས།

དངུལ་རྩ་མཚམས་སྦྱོར་ལས་ཁུངས་ནི་རང་གི་དགོས་མཁོ་ལྟར་མ་དངུལ་ལོན་རྗེས། མ་དངུལ་དེ་དག་ལ་བརྟེན་ནས་དངུལ་འཛིན་ཉོ་བའམ་དངུལ་བུན་བཏང་ནས། དངུལ་ལྷག་ལས་ཁུངས་དང་དངུལ་ཆད་ལས་ཁུངས་གཉིས་ཉིང་མཚམས་སྦྱོར་བའི་དངུལ་རྩའི་ལས་ཁུངས་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
དཔལ་འབྱོར་རིག་པ།(ལས་ཁུངས)
1 མཚན་ཉིད།

དངུལ་རྩ་མཚམས་སྦྱོར་ལས་ཁུངས་ནི་རང་གི་དགོས་མཁོ་ལྟར་མ་དངུལ་ལོན་རྗེས། མ་དངུལ་དེ་དག་ལ་བརྟེན་ནས་དངུལ་འཛིན་ཉོ་བའམ་དངུལ་བུན་བཏང་ནས། དངུལ་ལྷག་ལས་ཁུངས་དང་དངུལ་ཆད་ལས་ཁུངས་གཉིས་ཉིང་མཚམས་སྦྱོར་བའི་དངུལ་རྩའི་ལས་ཁུངས་ཡིན། དངུལ་རྩ་མཚམས་སྦྱོར་ལས་ཁུངས་ཀྱིས་ཆེད་ལས་ཉམས་མྱོང་བརྒྱུད་ནས་ཆ་འཕྲིན་གྱི་མ་གནས་དང་གན་རྒྱའི་མ་གནས་ཇེ་དམའ་དང་། སྣ་མང་ཅན་བརྒྱུད་ནས་ཉེན་ཁ་ཇེ་ཆུང་དུ་གཏོང་བ་མ་ཟད། ད་དུང་དུས་བཅད་ཀྱང་བསྒྱུར་ཐུབ་པར་བརྟེན། རྒྱལ་ཁབ་སོ་སོའི་དངུལ་རྩའི་མ་ལག་ཏུ། བརྒྱུད་པའི་དངུལ་རྩས་ནམ་ཡང་གོ་གནས་གཙོ་བོ་བཟུང་ཡོད།

2 དབྱེ་བ།

དངུལ་རྩ་མཚམས་སྦྱོར་ལས་ཁུངས་དེ་སྤྱིར་བཏང་དུ་རིགས་གསུམ་དུ་དབྱེ་བ་ལ། དངུལ་བཅོལ་ལས་ཁུངས་དང་མ་འཇོག་རང་བཞིན་གྱི་མཚམས་སྦྱོར་ལས་ཁུངས། གན་རྒྱའི་རང་བཞིན་གྱི་དངུལ་བསགས་ལས་ཁུངས་བཅས་སོ༎