གཉེན་དོན་འཚམ་སྦྱོར།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 16:18ལ་འགྲུབ།

གཉེན་དོན་འཚམ་སྦྱོར།

དེ་ཉིད་བརྒྱུད་རིམ་ཞིག་ཡིན་ཏེ། མི་སྒེར་གྱིས་བརྒྱུད་རིམ་ཁྲོད་དུ་སེམས་ཁམས་དང་། ལུས་ཁམས། རིག་གནས། སྤྱི་ཚོགས་སོགས་གཞི་རྩའི་དགོས་མཁོ་སྐོང་ཐབས་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
婚姻调适
ཕྱི་ཡིག་གི་མིང་།
Adjustment
1 ཞིབ་ཕྲའི་ངོ་སྤྲོད།

གཉེན་དོན་འཚམ་སྦྱོར་ཞེས་པ་ནི་དེང་རབས་ཀྱི་གཉེན་དོན་ཞིབ་འཇུག་བྱེད་པའི་ཐ་སྙད་གསར་བ་ཞིག་ཡིན་ཞིང་། སྔོན་ཆད་ཞིང་ལས་སྤྱི་ཚོགས་སྐབས་མཐོང་མ་མྱོང་བ་ཞིག་ཡིན་པ་རེད། ཞིང་ལས་སྤྱི་ཚོགས་ཀྱི་ནང་དུ་གྲོང་གསེབ་ཀྱི་འཚོ་བ་ནི་ཁྱིམ་ཚང་གི་འཚོ་བ་ཡིན་པས། གཉེན་སྒྲིག་ནི་ཞིང་ལས་རྩ་འཛུགས་དང་ཕན་ཚུན་གཞོགས་འདེགས་བྱེད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད། ཞིང་གྲོང་གི་ཕ་དབང་ཁྱིམ་ཚང་ནི་ཁྲག་རྒྱུད་ཀྱི་འབྲེལ་བའི་སྟེང་དུ་ཆགས་ཡོད་པ་དང་། ཁྱོ་ཤུག་གི་འབྲེལ་བ་ནི་ཟུར་གཏོགས་ཡིན་པས། གཉེན་སྒྲིག་གིས་ཁྱིམ་ཚང་ཆེན་མོའི་མཐུན་སྒྲིལ་དང་ཕན་བདེ་ལ་གནོད་འཚེ་གཏོང་མི་རུང་། བུད་མེད་ཀྱི་གོ་གནས་དམའ་བ་དང་། ཆུང་མས་ཁྱོ་གར་བསྟུན་དགོས། ཁྱོ་ཤུག་ཕན་ཚུན་བར་གྱི་འབྲེལ་བ་འགྲིག་མིན་དེ་གནད་འགག་མེད་པར་གྱུར། དེང་རབས་གཉེན་སྒྲིག་གིས་མཐོང་ཆེན་བྱེད་པ་ནི་བཟའ་ཟླའི་བར་གྱི་འཁྲིག་སྤྱོད་འཚོ་བར་ཡིད་ཚིམ་པ་དང་། སྤྲོ་གསེང་གི་འཚོ་བ། ཡིད་སེམས་མཐུན་པ། མི་གཤིས་ཀྱི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་སྐབས་དེར་ཅི་ཡང་མི་ཤེས་ཏེ། དེའི་རྒྱུ་མཚན་ནི་གཉེན་དོན་འཚམ་སྦྱོར་གྱི་ཆེས་འོས་འཚམ་གྱི་དོན་སྤྱི་ཡིན་པ་རེད། དུས་རབས་འདིའི་དུས་མགོར་ཁྱིམ་ཚང་གི་ལམ་ལུགས་དེ་བཟོ་ལས་ཅན་དང་། གྲོང་ཁྱེར་ཅན། ཚན་རྩལ་འཕེལ་རྒྱས། མི་སྒེར་རིང་ལུགས། དམངས་གཙོའི་བསམ་བློ་སོགས་ཀྱི་རྒྱུ་རྐྱེན་གྱི་གདོང་ཐུག་འོག་ཕའི་ཁྱིམ་ཚང་ཐོར་ཞིག་ཏུ་སོང་། གཉེན་སྒྲིག་གི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ཀྱི་ཆེད་དུ་ཡིན་པ་ལས་ཁྱིམ་ཚང་མིན་པ་དང་། ཁྱོ་ཤུག་བར་གཉེན་སྒྲིག་གི་འབྲེལ་བའི་ཁྲོད་དུ་ཐོབ་དགོས་པ་ནི། དང་པོ། ཕྱོགས་གཉིས་ཀའི་མི་གཤིས་ཕུན་སུམ་ཚོགས་པ་དང་། གཉིས་པ། སེམས་ཁམས་ཀྱི་དགོས་མཁོ་སྐོང་བ་དང་། འཁྲིག་སྤྱོད་དང་ཕྱོགས་ཡོངས་ཀྱི་འཚོ་བའི་འདུམ་འགྲིག་བཅས་ཡིན། སྲོལ་རྒྱུན་ཁྱིམ་ཚང་གིས་གཉེན་དོན་ལ་སྤྲད་པའི་འོས་འགན་དང་འགན་འཁྲི་རྣམས་ཟུར་དུ་བཞག་པ་རེད།

རང་རྒྱལ་གྱི་ཁྱིམ་ཚང་གི་ལམ་ལུགས་དེ་ཕྱོགས་དེར་འཕོ་འགྱུར་བྱུང་བ་དང་། བུད་མེད་ཀྱི་གོ་གནས་ཇེ་མཐོ་རུ་ཕྱིན་ཡོད་དེ། བཟའ་ཟླ་གཉིས་ཀ་འདྲ་མཉམ་ཡིན་པ་དང་། དེང་རབས་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་བཟའ་ཟླའི་གོ་གནས་མཐོ་དམའ་མི་དབྱེ་བར་གཉེན་དོན་འཚམ་སྦྱོར་འོས་འཚམ་ཡིན་ན་ཕན་ཚུན་གྱི་འདང་བརྩེ་འོ་ཆུ་མཉམ་འདྲེས་དང་ཕན་ཚུན་འཆམ་མཐུན་གྱི་འབྲེལ་བ་བྱུང་བ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གཉེན་དོན། འཚམ་སྦྱོར།