ཁྱིམ་ཚང་གི་གཞི་ཁྱོན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 16:18ལ་འགྲུབ།

ཁྱིམ་ཚང་གི་གཞི་ཁྱོན།

དེ་ནི་ཁྱིམ་མིའི་གྲངས་འབོར་མང་ཉུང་དང་ཁྱིམ་ཚང་གི་འབྲེལ་བ་རྙོག་འཛིང་ཆེ་བའི་ཚད་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
家庭规模
གོ་དོན།
ཁྱིམ་མིའི་གྲངས་འབོར་མང་ཉུང་དང་ཁྱིམ་ཚང་གི་འབྲེལ་བ་རྙོག་འཛིང་ཆེ་བའི་ཚད།
དཀར་ཆག
1 ​ནང་དོན།

ཁྱིམ་ཚང་གི་གཞི་ཁྱོན་ནི་ཁྱིམ་མིའི་གྲངས་འབོར་མང་ཉུང་དང་ཁྱིམ་ཚང་གི་འབྲེལ་བ་རྙོག་འཛིང་ཆེ་བའི་ཚད་ལ་ཟེར། ཁྱིམ་ཚང་གི་གཞི་ཁྱོན་ཆེ་ཆུང་ལ་གཙོ་བོ་ཕྱོགས་གཉིས་ཀྱི་ཤུགས་རྐྱེན་ཐེབས་ཡོད་དེ། ཕྱོགས་གཅིག་ནས་ཁྱིམ་ཚང་གི་ཕྲུ་གུ་སྐྱེ་ཚད་ཀྱི་ཤུགས་རྐྱེན་ཐེབས་ནས་ཕྲུ་གུ་སྐྱེ་རན་པའི་བུད་མེད་ལ་ཕྲུ་གུ་ཇི་ཙམ་མང་བ་དང་། ཁྱིམ་ཚང་གི་གཞི་ཁྱོན་ཇི་ཙམ་ཆེ་ན་དེ་ལས་ལྡོག་སྟེ་ཁྱིམ་ཚང་གི་སྒྲིག་གཞིས་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དེར་བརྟེན་འདི་ཁྱིམ་ཚང་གི་གཞི་ཁྱོན་གྲུབ་ཚུལ་དང་མཉམ་དུ་བརྗོད་ཆོག

སྤྱིར་བཏང་དུ་མཉམ་འདུས་རྣམ་པའི་ཁྱིམ་ཚང་གི་གཞི་ཁྱོན་ཆེས་ཆེ་བ་དང་། མི་རྐྱང་ཁྱིམ་ཚང་གི་གཞི་ཁྱོན་ཆེས་ཆུང་ན། མཉམ་འདུས་རྣམ་པའི་ཁྱིམ་ཚང་གི་བསྡུར་ཚད་དེ་ཙམ་གྱིས་ཆེ་བ་དང་། ཁྱིམ་ཚང་གི་མི་འབོར་གྱི་ཆ་སྙོམས་གྲངས་འབོར་ཡང་ཆེ་བ་ཡོད། །དེ་ལས་ལྡོག་སྟེ་མི་རྐྱང་ཁྱིམ་ཚང་གི་བསྡུར་ཚད་ཆེ་བ་དང་། ཁྱིམ་ཚང་གི་མི་གྲངས་ཀྱི་ཆ་སྙོམས་གྲངས་ཀ་ཡང་ཆུང་བ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྱིམ་ཚང་། གཞི་ཁྱོན།