ལྟེ་བའི་ཁྱིམ་ཚང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 16:22ལ་འགྲུབ།

ལྟེ་བའི་ཁྱིམ་ཚང་།

ལྟེ་བའི་ཁྱིམ་ཚང་།
དེ་ནི་བཟའ་ཟླ་གཉིས་དང་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་གིས་གྲུབ་པའི་ཁྱིམ་ཚང་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
核心家庭
ཕྱི་ཡིག་གི་མིང་།
nuclear family
འགྲེལ་བ།
མི་རབས་གཉིས་ལས་གྲུབ་པའི་ཁྱིམ་ཚང་།
རིགས་གྲས།
ཆེས་ཡོངས་ཁྱབ་ཀྱི་ཁྱིམ་ཚང་སྒྲིག་གཞི།
ཁོངས་མི།
བཟའ་ཟླ་གཉིས་དང་ཁོ་ཚོའི་གཉེན་སྒྲིག་བྱས་མེད་པའི་བྱིས་པ།
1 ​དོན་སྤྱི།

ལྟེ་བའི་ཁྱིམ་ཚང་ནི་ཁྱིམ་ཚང་གི་སྒྲིག་གཞིའི་རིགས་ཤིག་ཡིན་ཞིང་། དེ་ནི་བཟའ་ཟླ་གཉིས་དང་ཁོ་ཚོའི་ནར་མ་སོན་པའམ་ཡང་ན་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་གིས་གྲུབ་པའི་ཁྱིམ་ཚང་ལ་ཟེར། ཁྱིམ་ཚང་འདིའི་རིགས་ཀྱི་གྲུབ་ཚུལ་སྟབས་བདེ་བ་སྟེ། བཟའ་ཟླ་དང་ཕ་བུ་མ་བུ་བཅས་ལས་གྲུབ་པའི་ཟུར་གསུམ་འབྲེལ་བས་འདེགས་སྐྱོར་བྱེད་པ་དང་། ཁྱིམ་ཚང་ཡོད་ཚད་ཀྱི་ཆེས་གཏན་འཇགས་ཀྱི་རྣམ་པ་ཞིག་ཡིན། ཁྱིམ་ཚང་གཙོ་བོ་དང་བསྡུར་ན་ཁྱིམ་ཚང་དེ་རིགས་ཀྱི་ཕ་མའི་སློབ་གསོའི་རང་བདག་དབང་ཆ་ཆེ་ཙམ་ཡོད་པ་དང་། སློབ་གསོའི་འདུ་ཤེས་ཐད་ཁྱིམ་ཚང་གཙོ་བོ་དང་བསྡུར་ན་དུས་རབས་དང་སྔར་བས་ཉེ་བ་ཡོད་པས། བྱིས་པའི་སློབ་གསོའི་ཐད་ལེགས་ཆ་སྔར་བས་མང་པོ་ལྡན། འོན་ཀྱང་ཁྱིམ་ཚང་དེའི་ནང་སློབ་གསོ་གཅིག་མཐུན་མིན་པའི་སྣང་ཚུལ་ཡོད་པས་བྱིས་པའི་སེམས་ཁམས་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་མིན་ཁྱོ་ཤུག་གི་འབྲེལ་བ་མི་མཐུན་པ་དེས་ཀྱང་བྱིས་པའི་གཤིས་ཀ་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཐེབས་སྲིད།

2 ཆེད་མཁས་པའི་ལྟ་ཚུལ།

ལར་ཧྥུ་ལིན་ཏུན་གྱིས་བཟའ་ཟླ་དང་བུ་ཕྲུག་ནི“ཁྱིམ་ཚང་གི་གྲུབ་ཚུལ་ཡོད་ཚད་ཀྱི་རྨང་གཞི་ཡིན”པའི་ངོས་འཛིན་བྱེད་ཀྱིན་ཡོད་དེ། ཁོང་གིས་མ་འོངས་བར་ཆེས་མཐའ་མཇུག་གི་ལྟེ་བའི་ཁྱིམ་ཚང་གི་མི་གཅིག་ལས་མི་ལྷག་པ་དང་། ཁོང་གིས་ཚེ་སྲོག་གི་མཐའ་མའི་དུས་སུའང་ཁོའི་ཆུང་མ་དང་ཕྲུ་གུ་འཚོལ་ངེས་ཡིན་ཞེས་ལུང་བསྟན། ཆའོ་ཀྲི་པི་ཏེ་མོ་ཏུའོ་ཁེ་ཡིས་སྤྱི་ཚོགས250་ལྟེ་བའི་ཁྱིམ་ཚང་ཡོད་པ་ཤེས་ཤིང་། ཁོང་གིས་ལྟེ་བའི་ཁྱིམ་ཚང་ནི་ཡོངས་ཁྱབ་ཏུ་གནས་པའི་སྡོམ་ཚིག་ཐོབ།

མོ་ཏུའོ་ཁེའི་ལྟ་བ་ལྟར་ན། ལྟེ་བའི་ཁྱིམ་ཚང་གིས་ཐོན་པའི་ནུས་པ་ནི་ཚོགས་པ་གཞན་དག་གིས་འདོན་མི་ཐུབ་པའི་ནུས་པ་གལ་ཆེན་ཞིག་ཡིན། མོ་ཏུའོ་ཁེ་ཡིས་ནུས་པ་འདི་དག་ཕྱོགས་བསྡུས་བྱས་པ་ནི། 1.འཁྲིག་སྤྱོད། 2.ཕྲུ་གུ་སྐྱེ་བ། 3.སློབ་གསོ། 4.འཚོ་བ།

1.ལྟེ་བའི་ཁྱིམ་ཚང་གིས་འཁྲིག་སྤྱོད་ཀྱི་དགོས་མཁོ་བསྐངས་ནས་ཁྱིམ་ཚང་ཐོར་ཞིག་ཏུ་འགྲོ་བའི་འཁྲིག་སྤྱོད་ཀྱི་འགྲན་རྩོད་ཇེ་ཉུང་དུ་གཏོང་ཐུབ།

2.ལྟེ་བའི་ཁྱིམ་ཚང་གིས་བུད་མེད་ལ་མངལ་ཆགས་པ་དང་ནུ་མ་བསྣུན་པའི་སྐབས་སུ་སྲུང་སྐྱོབ་ཐོབ་པར་ཁག་ཐེག་བྱེད་ཐུབ།

3.ལྟེ་བའི་ཁྱིམ་ཚང་ནི་འདྲིས་འགྱུར་གྱི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ཏེ། མཉམ་དུ་འཚོ་བ་རོལ་བཞིན་པའི་སྐྱེས་པ་དར་མ་དང་བུད་མེད་ལ་ཤེས་བྱ་འདང་ངེས་ཤིག་ཡོད་པས། བྱིས་པ་རྣམས་འདྲིས་སུ་འཇུག་ཐུབ།

4.བུད་མེད་ལ་བུ་བཙའི་ནུས་པ་ཡོད་པའི་དབང་གིས་བྱ་སྤྱོད་ཀྱི་ཁྱད་ཆོས་ཤིག་ལྡན་ཡོད་དེ། ཕོ་མོའི་བར་དུ་གཤགས་འབྱེད་རིག་པའི་སྟེང་དང་ལུས་ཁམས་སྟེང་གི་ཁྱད་པར་ཡོད་པས། ཕོ་མོའི་ལས་བགོས་དེ་འཚོ་བར་ལྷག་ཏུ་ཕན་པ་ཆེ། ལྟ་བ་འདི་གཞིར་བཟུང་ན། ལྟེ་བའི་ཁྱིམ་ཚང་གི་ཕོ་མོའི་འཁྲིག་སྤྱོད་འཚོ་བ་དང་། ཕྲུ་གུ་སྐྱེ་བ། དཔལ་འབྱོར་རྒྱབ་སྐྱོར་བཅས་ཀྱི་ཐད་ཕན་ནུས་ལྡན་པའི་ནུས་པ་དེ་ལམ་ལུགས་གཞན་པ་གང་རུང་ལས་ཀྱང་བརྒལ་ཡོད།

3 དགེ་མཚན།

སྲོལ་རྒྱུན་གྱི་མི་རབས་ཁ་ཤས་མཉམ་སྡོད་བྱེད་པའི་ཁྱིམ་ཚང་ཆེན་པོ་དང་བསྡུར་ན། “ལྟེ་བའི་ཁྱིམ་ཚང”ལ་དགེ་མཚན་མངོན་གསལ་དོད་པོ་ལྡན་ཡོད་པ་སྟེ། ཁྱིམ་ཚང་གི་འབྲེལ་བ་སྟབས་བདེ་ཡིན་པ་དང་། གཉེན་ཉེའི་དྲ་རྒྱར་གཞན་རྟེན་རང་བཞིན་ཆུང་བས་ཁྱིམ་ཚང་གི་འཚོ་བའི་ཁྲོད་ཀྱི་འགལ་བ་དང་རྩོད་གཞི་ཇེ་ཉུང་དུ་ཕྱིན་པ། ཁྱིམ་ཚང་ནང་གི་འདྲ་མཉམ་གྱི་འབྲེལ་བ་དང་དམངས་གཙོའི་རྣམ་པ་ཆགས་སླ་བ་དང་། ན་གཞོན་ཚོའི་རང་ཚུགས་རང་བཞིན་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ། མི་རབས་མི་འདྲ་བའི་འཚོ་བ་སྐྱེལ་སྟངས་མི་འདྲ་བའི་དོན་གཉེར་གྱི་འདོད་བློ་སྐོང་ཐུབ་པ་བྱུང་ཡོད།

4 འཕེལ་རྒྱས།

ཀྲུང་གོར“ལྟེ་བའི་ཁྱིམ་ཚང”(Nuclearfamily)ཞེས་པའི་འབོད་སྟངས་འདི་མི་མང་ཆེ་བའི་ངོས་ནས་བཤད་ན་ཆ་རྒྱུས་དེ་འདྲ་མེད་པས། དེ་བས་ང་ཚོས་ཚད་ལྡན་ཁྱིམ་ཚང”ངམ“གཞི་རྩའི་ཁྱིམ་ཚང”ལ་བརྟེན་ནས་ངོས་འཛིན་བྱེད་འདོད་ཡོད། ཁྱིམ་ཚང་འདི་ལྟ་བུ་ནི་བཟའ་ཟླ་གཉིས་ཀྱིས་གྲུབ་པ་ཅིང་། རྒྱུན་པར་ཕ་མ་དང་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་སྡེ་ཚན་གཅིག་ཏུ་བརྩི་བ་དང་། ཀྲུང་གོའི་ལྟེ་བའི་ཁྱིམ་ཚང་དུ་ད་དུང་མི་རབས་གོང་མ་ཚུད་ཡོད་པས། “མི་རབས་གསུམ་གྱི་ཁྱིམ་ཚང”ཞེས་པ་དེ་སྲོག་ཤིང་དུ་བརྩི་བཞིན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྱིམ་ཚང་། སྲོག་ཤིང་། སྤྱི་ཚོགས།