སྤྱི་བའི་ཞབས་ཞུའི་མ་ལགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-17 08:50ལ་འགྲུབ།

སྤྱི་བའི་ཞབས་ཞུའི་མ་ལག

སྤྱི་བའི་ཞབས་ཞུའི་མ་ལག
དེ་ནི་གཙོ་བོ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཀྱི་ཚོགས་པ་དང་མི་སྒེར་གྱི་སྒྲིག་གཞི་སོགས་ཀྱིས་ཁ་གསབ་བྱེད་པའི་མཁོ་སྤྲོད་བྱེད་པོ་གཙོ་བོར་བྱས་ཏེ། སྤྱི་དམངས་དང་དེའི་རྩ་འཛུགས་ལ་གཞི་རྩ་དང་འགན་སྲུང་ཡོད་པའི་སྤྱི་བའི་ཞབས་ཞུ་མཁོ་འདོན་བྱེད་པ་དམིགས་ཡུལ་གཙོ་བོར་བཟུང་ནས་ཞིབ་འཇུག་བྱས་ཏེ་བཙུགས་པའི་འབྲེལ་ཡོད་ཞབས་ཞུའི་ནང་དོན་དང་། ཞབས་ཞུའི་རྣམ་པ། ཞབས་ཞུའི་ལམ་སྲོལ། ཞབས་ཞུའི་སྲིད་ཇུས་སོགས་ཀྱི་ལམ་ལུགས་བཀོད་སྒྲིག་རབས་དང་རིམ་པར་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公共服务体系
ཕྱི་ཡིག་གི་མིང་།
Public Services System
1 ​མ་ལག་ངོ་སྤྲོད།

སྤྱི་བའི་ཞབས་ཞུའི་མ་ལག་ནང་སློབ་གསོའི་མ་ལག་དང་། སྤྱི་བའི་འཕྲོད་བསྟེན་མ་ལག སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག སྤྱི་ཚོགས་ཕན་བདེའི་མ་ལག་སོགས་ཚུད་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་བ་ཞིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་སྲོག་ཤིང་གལ་ཆེན་ཞིག་ཡིན་ཞིང་། བཅོས་བསྒྱུར་དང་། གོང་སྤེལ། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ནང་སྤྱི་ཚོགས་ཀྱི་འགན་བཅོལ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། སྤྱི་ཚོགས་ཀྱི་ཕན་བདེ། གཟིགས་སྐྱོང་བཀོད་སྒྲིག སྤྱི་ཚོགས་ཀྱི་རོགས་རེས། མི་སྒེར་གྱི་བཅོལ་དངུལ་གསོག་འཇོག་འགན་སྲུང་བཅས་ཚུད་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་འདི་དག་ནི་ཕན་ཚུན་འབྲེལ་བ་ཡོད་པ་དང་གཅིག་རམ་གཅིག་འདེགས་ཡིན། སྤྱི་ཚོགས་འགན་སྲུང་མ་ལག་ནི་སྤྱི་ཚོགས་ཀྱི“བདེ་འཇགས་དྲ་བ”ཡིན་ཞིང་། དེས་སྤྱི་ཚོགས་བརྟན་འཇགས་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

2 དོན་སྙིང་།

སྤྱི་ཚོགས་འགན་སྲུང་ནི་སྤྱི་ཚོགས་བརྟན་འཇགས་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན།

ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྙན་ཞུའི་ནང་སྤྱི་ཚོགས་ཀྱི་འགན་བཅོལ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། སྤྱི་ཚོགས་ཀྱི་ཕན་བདེ་བཅས་རྨང་གཞིར་བྱེད་པ་དང་། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་གཙོ་གནད་དུ་འཛིན་པ། དགེ་སྒྲུབ་བྱ་གཞག་དང་ཚོང་ལས་ཀྱི་འགན་བཅོལ་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་གང་མགྱོགས་གཏོང་དགོས་ཞེས་བསྟན་ཡོད།

ཁེ་ལས་དང་། ལས་ཁུངས། བྱ་ལས་སྡེ་ཚན་བཅས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་བཅས་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

3 རིགས་སྒྱུར་བླང་བྱ།

དམངས་ཡོངས་འདྲ་མཉམ་གྱིས་ལོངས་སུ་སྤྱོད་པའི་གཞི་རྩའི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་དམིགས་འབེན་ཡིན་ཞིང་། སྤྱི་ཚོགས་དྲང་སྙོམས་དྲང་གཞག་ཡོང་བར་སྐུལ་འདེད་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོང་། མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པར་འགན་ལེན་ཏན་ཏིག་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྲིད་གཞུང་གི་རིགས་བསྒྱུར་ནི་གཞི་རྩའི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་པའི་ལམ་ལུགས་ཀྱི་རྨང་གཞི་ཡིན། སྲིད་གཞུང་རིགས་སྒྱུར་གྱི་གཞི་རྩའི་འཕེལ་ཕྱོགས་ནི་སྤྱི་བའི་ཞབས་ཞུའི་འགན་ནུས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་མ་ཟད། འགན་ནུས་གལ་ཆེན་དུ་འགྱུར་རྒྱུ་དེ་རེད། སྤྱི་བའི་ཞབས་ཞུའི་འགན་ནུས་ཆེ་རུ་ཕྱིན་པ་དེས་གཞི་རྩའི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཆེན་པོ་ཐེབས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་བའི་ཞབས་ཞུ། མ་ལག