བྱ་བའི་དུས་ཡུན་ལམ་ལུགས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-17 08:49ལ་འགྲུབ།

བྱ་བའི་དུས་ཡུན་ལམ་ལུགས།

དེ་ནི་བྱ་བའི་དུས་ཚོད་བཀོད་སྒྲིག་བྱེད་པའི་ལམ་ལུགས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工作时制
ཕྱི་ཡིག་གི་མིང་།
work schedule
འགྲེལ་བ།
བྱ་བའི་དུས་ཚོད་བཀོད་སྒྲིག
1 ​བྱ་བའི་དུས་ཡུན་ལམ་ལུགས།

བྱ་བའི་དུས་ཡུན་ནི་གཟའ་འཁོར་གཅིག་གི་བྱ་བའི་སྤྱིའི་དུས་ཚོད་ལ་ཟེར་ཞིང་། བྱ་བའི་དུས་ཚོད་ནི་གཟའ་འཁོར་གཅིག་གི་བྱ་བའི་ཉིན་གྲངས་དང་ཉིན་གཅིག་གི་བྱ་བའི་དུས་ཚོད་ཀྱི་གྲངས་ཀ་ལ་ཟེར། རྒྱལ་ཁབ་སོ་སོའི་བྱ་བའི་དུས་ཚོད་ལམ་ལུགས་དེ་རྒྱལ་ཁབ་ཀྱི་གནས་ཚུལ་གྱི་དབང་གིས་མི་འདྲ་བ་སྟེ། དཔེར་ན་ཀྲུང་གོའི་རྒྱུན་ལྡན་གྱི་བྱ་བའི་དུས་ཡུན་གྱི་རིང་ཚད་ནི་ཆུ་ཚོད48ཡིན་པ་དང་། གཟའ་འཁོར་རེར་ཉིན6ཡིན་ལ། ཉིན་རེར་ཆུ་ཚོད8ལ་བྱ་བ་བྱེད་ཀྱིན་ཡོད། ཨ་རིས་ཡོངས་ཁྱབ་ཏུ་ཆུ་ཚོད40ཡི་བྱ་བའི་གཟའ་འཁོར་ལག་བསྟར་བྱས་ཤིང་། གཟའ་འཁོར་གཅིག་ལ་ཉིན་ལྔ་ལ་བྱ་བ་བྱེད་པ་དང་། ཉིན་རེར་ཆུ་ཚོད8ལ་བྱ་བ་བྱེད་ཀྱིན་ཡོད། བྱ་བའི་དུས་ཡུན་དང་ལས་ཞག་གི་ལས་ཡུན་ཆུ་ཚད་ངེས་ཅན་ཞིག་ལས་བརྒལ་ན། བྱ་བ་བྱེད་མཁན་ངལ་དུབ་ཆེ་དྲགས་པའི་གནས་ཚུལ་འབྱུང་སླ་བས། དེའི་ལུས་ཁམས་བདེ་ཐང་གི་ཆུ་ཚད་དང་ལས་ཆོད་ཇེ་དམའ་རུ་འགྲོ་བ་མ་ཟད། དོན་རྐྱེན་གྱི་ཚད་ཀྱང་མང་དུ་འགྲོ་སླ་བ་རེད། ད་ལྟ་རྒྱལ་ཁབ་ཁ་ཤས་ཀྱིས་ད་དུང་བརྐྱང་བསྐུམ་རང་བཞིན་ལྡན་པའི་བྱ་བའི་དུས་ཚོད་ལམ་ལུགས་ལག་བསྟར་བྱས་ཡོད་པ་སྟེ། གཏན་འཁེལ་བྱས་པའི་དུས་ཚོད་ནང་བསྒྲུབ་དགོས་པའི་སྤྱིའི་ལས་དུས་ཀྱི་གྲངས་འབོར་དང་། ཉིན་རེའི་བྱ་བའི་ལྟེ་བའི་དུས་ཚོད་དང་ལྡེམ་ཤུགས་ལྡན་པའི་དུས་ཚོད་གཏན་འབེབས་བྱས་ཡོད། ལྟེ་བའི་དུས་ཚོད་ནང་ལས་བྱེད་མི་སྣས་ངེས་པར་དུ་ལས་གནས་ཐོག་གནས་དགོས་པ་དང་། ལྡེམ་ཤུགས་ལྡན་པའི་དུས་ཚོད་ནང་རང་དགར་བཏང་ཆོག ལྡེམ་ཤུགས་ལྡན་པའི་བྱ་བ་བྱེད་སྐབས་ལས་ཀ་གྲོལ་རྗེས་ཀྱི་འགྲིམ་འགྲུལ་འཚང་ཁ་ཆེ་བའི་གནས་ཚུལ་ལེགས་བཅོས་བྱེད་ཐུབ་ལ། དུས་མཚུངས་སུ་བྱ་བའི་དུས་ཚོད་སྙོམས་སྒྲིག་བྱས་ནས་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་དང་མཐུན་པ་དང་། ཁྱིམ་ཚང་གི་འཚོ་བ་དང་མི་སྒེར་གྱི་བྱེད་སྒོ་བཀོད་སྒྲིག་བྱེད་བདེ་བར་བྱེད་ཐུབ། འོན་ཀྱང་ལས་ཀའི་གོ་རིམ་ཧྲིལ་བོའི་ནང་མི་ཡོངས་རྫོགས་ཞུགས་དགོས་པའི་རྩ་འཛུགས་ལ་བབ་བསྟུན་གྱི་བྱ་བ་བྱེད་དུས་ཀྱི་ལམ་ལུགས་སྤྱོད་མི་རུང་།

2 ལེའུ་བཞི་པ། བྱ་བ་སྒྲུབ་ཡུན་དང་། ངལ་གསོ་དང་གུང་གསེང་།

དོན་ཚན་སོ་དྲུག་པ། རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ཉིན་རེའི་བྱ་བ་སྒྲུབ་ཡུན་ཆུ་ཚོད་བརྒྱད་ལས་མི་བརྒལ་བ་དང་། གཟའ་འཁོར་རེར་ཆ་སྙོམས་སུ་བྱ་བ་སྒྲུབ་ཡུན་ཆུ་ཚོད་ཞེ་བཞི་ལས་མི་བརྒལ་བའི་ལས་ཡུན་ལམ་ལུགས་ལག་བསྟར་བྱ་རྒྱུ།

དོན་ཚན་སོ་བདུན་པ། ཐོན་གྲངས་ལྟར་རྩིས་པའི་ལས་ཀ་བྱེད་མཁན་ངལ་རྩོལ་པར་མི་བཀོལ་མཁན་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་སོ་དྲུག་པའི་ནང་གཏན་འབེབས་བྱས་པའི་ལས་ཡུན་ལམ་ལུགས་གཞིར་བཟུང་སྟེ། དེའི་ངལ་རྩོལ་བཅད་གྲངས་དང་ཐོན་གྲངས་ལྟར་རྩིས་པའི་ཐོབ་ཆའི་ཚད་གཞི་གཏན་འཁེལ་ལུགས་མཐུན་བྱེད་དགོས།

དོན་ཚན་སོ་བརྒྱད་པ། མི་བཀོལ་མཁན་ལས་ཁུངས་ཀྱིས་ངལ་རྩོལ་པར་གཟའ་འཁོར་རེར་ཉུང་མཐར་ཡང་ཉིན་གཅིག་ལ་ངལ་གསོ་ཐུབ་པའི་འགན་ལེན་བྱེད་དགོས།

དོན་ཚན་སོ་དགུ་པ། ཁེ་ལས་ཀྱིས་ཐོན་སྐྱེད་ཀྱི་ཁྱད་ཆོས་ཀྱི་དབང་གིས་བཅའ་ཁྲིམས་འདིའི་དོན་ཚན་སོ་དྲུག་པ་དང་སོ་བརྒྱད་པའི་གཏན་འབེབས་ལག་བསྟར་བྱེད་མི་ཐུབ་ན། ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཐོབ་རྗེས་བྱ་བ་དང་ངལ་གསོ་རྒྱག་ཐབས་གཞན་དག་ལག་བསྟར་བྱས་ཆོག

དོན་ཚན་བཞི་བཅུ་པ། མི་བཀོལ་མཁན་སྡེ་ཚན་གྱིས་གཤམ་གསལ་དུས་ཆེན་གྱི་རིང་ལ་བཅའ་ཁྲིམས་ལྟར་ངལ་རྩོལ་པར་གུང་གསེང་གཏོང་དགོས་པ་སྟེ།

(གཅིག)ལོ་གསར་དང་།

(གཉིས)དཔྱིད་གསར་དུས་ཆེན།

(གསུམ)རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།

(བཞི)རྒྱལ་སྟོན་དུས་ཆེན།

(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གུང་གསེང་གཏོང་བའི་དུས་ཆེན་གཞན་དག་བཅས་ཡིན།

དོན་ཚན་ཞེ་གཅིག་པ། མི་སྤྱོད་མཁན་སྡེ་ཚན་གྱིས་ཐོན་སྐྱེད་གཉེར་སྐྱོང་གི་དགོས་མཁོའི་དབང་གིས་བཟོ་ཚོགས་དང་ངལ་རྩོལ་པ་དང་གྲོས་མོལ་བྱས་རྗེས་བྱ་བ་སྒྲུབ་ཡུན་རིང་དུ་བཏང་ཆོག་ཅིང་། སྤྱིར་བཏང་དུ་ཉིན་རེར་ཆུ་ཚོད་གཅིག་ལས་བརྒལ་མི་ཆོག རྒྱུ་རྐྱེན་དམིགས་བསལ་ཡོད་པའི་དབང་གིས་བྱ་བ་སྒྲུབ་ཡུན་ཇེ་རིང་དུ་གཏོང་དགོས་ན། ངལ་རྩོལ་པའི་གཟུགས་པོ་བདེ་ཐང་ཡོང་བར་འགན་སྲུང་བྱེད་པའི་ཆ་རྐྱེན་འོག་ཉིན་རེར་བྱ་བ་བྱེད་ཡུན་ཆུ་ཚོད་གསུམ་རེ་ཇེ་རིང་དུ་གཏོང་མི་རུང་། འོན་ཀྱང་ཟླ་རེར་ཆུ་ཚོད་སོ་དྲུག་ལས་བརྒལ་མི་ཆོག

དོན་ཚན་ཞེ་གཉིས་པ། གཤམ་གསལ་གནས་ཚུལ་དག་ལས་རིགས་གཅིག་ཡོད་ན། བྱ་བ་སྒྲུབ་ཡུན་ཇེ་རིང་དུ་གཏོང་བར་བཅའ་ཁྲིམས་འདིའི་དོན་ཚན་ཞེ་གཅིག་པའི་ཚོད་འཛིན་མི་ཐེབས་པ་སྟེ།

(གཅིག)རང་བྱུང་གནོད་འཚེ་དང་ལས་འཛོལ་བྱུང་བའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་ངལ་རྩོལ་པའི་ལུས་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་བཟོས་ནས་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་རིགས་དང་།

(གཉིས)ཐོན་སྐྱེད་སྒྲིག་ཆས་དང་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སའི་ལམ་དང་སྤྱི་བའི་སྒྲིག་བཀོད་ལ་སྐྱོན་བྱུང་ནས་ཐོན་སྐྱེད་དང་སྤྱི་དམངས་ཀྱི་ཁེ་ཕན་ལ་གནོད་རྐྱེན་བཟོས་པས། ངེས་པར་དུ་དུས་ཐོག་ཏུ་མྱུར་བཅོས་བྱེད་དགོས་པའི་རིགས།

(གསུམ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཞེ་གསུམ་པ། མི་བཀོལ་མཁན་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ངལ་རྩོལ་པའི་བྱ་བ་སྒྲུབ་ཡུན་ཇེ་རིང་དུ་བཏང་མི་ཆོག

དོན་ཚན་ཞེ་བཞི་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་ན། མི་བཀོལ་མཁན་སྡེ་ཚན་གྱིས་གཤམ་གསལ་གྱི་ཚད་གཞི་ལྟར་ངལ་རྩོལ་པའི་རྒྱུན་ལྡན་གྱི་བྱ་བ་སྒྲུབ་ཡུན་གྱི་གླ་ཕོགས་ལས་མཐོ་བའི་ཕོགས་ཐོབ་སྤྲོད་དགོས་པ་སྟེ།

(གཅིག)ངལ་རྩོལ་པའི་བྱ་བ་སྒྲུབ་ཡུན་ཇེ་རིང་དུ་བཏང་ན། གླ་ཕོགས་ཀྱི་བརྒྱ་ཆའི་བརྒྱ་དང་ལྔ་བཅུ་ལས་མི་ཉུང་བའི་ཕོགས་ཐོབ་སྤྲོད་རྒྱུ་དང་།

(གཉིས)ངལ་གསོའི་ཉིན་མོར་ངལ་རྩོལ་པར་བྱ་བ་སྒྲུབ་ཏུ་བཅུག་ཁར་ངལ་གསོ་ཁ་གསབ་ཀྱང་བྱེད་མ་ཐུབ་ན། གླ་ཕོགས་ཀྱི་བརྒྱ་ཆའི་ཉིས་བརྒྱ་ལས་མི་ཉུང་བའི་ཕོགས་ཐོབ་སྤྲོད་རྒྱུ།

(གསུམ)ཁྲིམས་བཅད་གུང་གསེང་གི་ཉིན་མོར་ངལ་རྩོལ་པར་བྱ་བ་བྱེད་དུ་བཅུག་ན། གླ་ཕོགས་ཀྱི་བརྒྱ་ཆའི་སུམ་བརྒྱ་ལས་མི་ཉུང་བའི་ཕོགས་ཐོབ་སྤྲོད་རྒྱུ་བཅས་ཡིན།

དོན་ཚན་ཞེ་ལྔ་པ། རྒྱལ་ཁབ་ཀྱིས་གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་ལམ་ལུགས་ལག་བསྟར་བྱ་རྒྱུ།

བསྟུད་མར་ལོ་གཅིག་གི་ཡན་ལ་ངལ་རྩོལ་བྱེད་མཁན་ཡིན་ན་གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་ལོངས་སུ་སྤྱད་ཆོག ཞིབ་ཕྲའི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བྱ་བ། དུས་ཡུན།