སྤྱི་ཚོགས་བཟོ་ལས་ཅན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-17 08:49ལ་འགྲུབ།

སྤྱི་ཚོགས་བཟོ་ལས་ཅན།

སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མ་རྩ་དང་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་བལྟོས་མེད་དང་བལྟོས་བཅས་ཀྱི་སྒོ་ནས་ཞིང་ལས་བྱེད་སྒོ་ནས་བཟོ་ལས་ལ་བསྒྱུར་བ་དང་། ལྷག་པར་དུ་བཟོ་སྐྲུན་ལས་རིགས་སྡེ་ཁག་གི་དུས་རིམ་དང་བརྒྱུད་རིམ། རྣམ་པ་བཅས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会工业化
རྩ་བའི་རིགས་པ།
ངལ་རྩོལ་ནུས་ཤུགས་ལྷག་མ།
དམིགས་ཡུལ།
ཞིང་ལས་ཀྱི་བྱེད་སྒོ་ནས་བཟོ་ལས་ལ་བསྒྱུར་བ།
དཀར་ཆག
1 ​ནང་དོན།

ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་མགྱོགས་མྱུར་ངང་མཐོ་རུ་ཕྱིན་པའི་ཁར་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་འཕར་ཚད་བལྟོས་བཅས་ཀྱིས་དལ་བ་དང་བསྟུན་ནས་ཞིང་ལས་བལྟོས་མེད་ཀྱིས་ཆག་པའི་བརྒྱུད་རིམ་བརྒྱུད་ཡོད་པ་དང་། ཞིང་ལས་སྡེ་ཁག་ཏུ“ངལ་རྩོལ་ནུས་ཤུགས་ལྷག་མ”བྱུང་བ་རེད། བཟོ་ལས་ཐོན་རྫས་ཉིན་རེ་བཞིན་མི་རྣམས་ཀྱིས་འཛད་སྤྱོད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ་དང་བསྟུན་ནས། ཉིན་རེ་བཞིན་རྒྱ་བསྐྱེད་པའི་བཟོ་ལས་ཀྱིས་ལྡོག་སྟེ་གྲོང་གསེབ་ཀྱི་ལས་ཞུགས་ལྷག་མ་ཇེ་ཉུང་དུ་བཏང་། དུས་རབས19པའི་དུས་མཇུག་ཏུ་བཟོ་ལས་ཅན་ནི་རྒྱལ་ཁབ་མང་པོའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་མི་རྣམས་ཀྱིས་དོ་སྣང་བྱེད་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་ནས་ལོ་རབས60པའི་དུས་མཇུག་བར། བཟོ་ལས་ཅན་ནི་ཧ་ལམ་བྱང་ཆུབ་པའི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཡོད་ཚད་ཀྱི་ཁྱད་ཆོས་སུ་གྱུར་ཡོད་དེ། རྒྱལ་ཁབ་འདི་དག་གི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་ལས་ཞུགས་ནི་བལྟོས་མེད་ཀྱི་གྲངས་འབོར་དང་ལས་ཞུགས་བསྡོམས་འབོར་གྱི་བསྡུར་ཚད་གང་ཡིན་རུང་ཚང་མ་འཕར་ཡོད། འོན་ཀྱང་ལོ་རབས70པའི་དུས་མགོར་བཟོ་ལས་བཟོ་སྐྲུན་ལས་རིགས་ཀྱི་ལས་ཞུགས་བསྡུར་ཚད་ཧ་ལམ་གང་ས་གང་དུ་མར་ཆག་མགོ་ཚུགས་པ་དང་། བྱང་ཆུབ་པའི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁ་ཤས་སུ་ལས་ཞུགས་ཆུ་ཚད་ཧྲིལ་བོའང་མར་ཆག་ཡོད། བཟོ་ལས་སྡེ་ཁག་གི་ལས་ཞུགས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཞབས་ཞུའི་སྡེ་ཁག་གི་ལས་ཞུགས་ཀྱི་བལྟོས་མེད་གྲངས་འབོར་ཇེ་མཐོར་སོང་བས། རྒྱལ་ཁབ་དེ་དག་གིས་བཟོ་ལས་ཅན་མ་ཡིན་པའི་བརྒྱུད་རིམ་མགོ་བརྩམས་པ་རེད། སྤྱི་ཚོགས་བཟོ་ལས་ཅན་ནི་སྤྱི་ཚོགས་དེང་རབས་ཅན་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། བཟོ་ལས་ཅན།