རང་རྟོགས་རང་བཞིན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-17 08:49ལ་འགྲུབ།

རང་རྟོགས་རང་བཞིན།

དེ་ནི་མི་སྒེར་གྱིས་རང་རྟོགས་རང་མོས་ཀྱི་སྒོ་ནས་ལག་བསྟར་རམ་ཡང་ན་རང་བདག་རང་མོས་ཀྱི་སྒོ་ནས་སྤྱི་ཡོངས་ཀྱི་ཕུགས་ཀྱི་དམིགས་འབེན་ལས་འགན་བརྩོན་ལེན་བྱེད་པའི་ཚད་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自觉性
ཁོངས་གཏོགས།
སེམས་ཁམས་རིག་པ།
1 ​སེམས་ཁམས་རིག་པའི་དོན་སྤྱི།

རང་རྟོགས་རང་བཞིན་ཞེས་པ་ནི་མི་སྒེར་གྱིས་རང་རྟོགས་རང་མོས་ཀྱིས་རྒྱང་རིང་གི་དམིགས་འབེན་ལས་འགན་སྒྲུབ་པའམ་བརྩོན་ལེན་བྱེད་པའི་ཚད་ལ་ཟེར་ཞིང་། བྱ་བ་དང་སློབ་སྦྱོང་། ཐ་ན་མི་སྒེར་གྱི་འཚོ་བའི་ཐད་ངོས་འཛིན་ཧུར་ཐག་དང་། སྤྲོ་སེམས་ཆེ་བ། སྤྲོ་སེམས་འཁོལ་བ། མ་དངུལ་འཇོག་པ་བཅས་ནི་དེ་མཚུངས་ཀྱི་མི་སྣར་དེ་མཚུངས་ཀྱི་རང་རྟོགས་རང་བཞིན་ལྡན་པའི་མཚོན་ཚུལ་ཞིག་ཡིན། བྱ་བའི་སློབ་སྦྱོང་དང་ཐ་ན་མི་སྒེར་གྱི་འཚོ་བའི་ཐད་ཀྱི་སྒྱིད་ལུག་གི་ངོས་འཛིན་དང་། སྣང་མེད་དུ་འཇོག་པ། སུན་སྣང་སྐྱེ་བ། སྒྱིད་ལུག་བྱེད་པ། ཁ་གཏད་འཇལ་བ་བཅས་ནི་དེ་མཚུངས་ཀྱི་མི་སྣར་དེ་མཚུངས་ཀྱི་རང་རྟོགས་རང་བཞིན་མེད་པའི་མཚོན་ཚུལ་ཞིག་རེད། དེའི་བྱུང་བའི་བརྒྱུད་རིམ་ལ་མཚོན་ན། མི་སྒེར་གྱི་རང་རྟོགས་རང་བཞིན་ནི་དད་སེམས་ཀྱི་རྨང་གཞིའི་ཐོག་མི་སྒེར་གྱི་འགན་འཁྲི་དང་ཁེ་དབང་འོས་འགན་འདུ་ཤེས་ཀྱིས་བསླངས་པའི་འོག་ཏུ་གྲུབ་པའི་རང་ཉིད་ཀྱི་ཕན་འབྲས་ཀྱི་ནུས་པ་དང་ཁེ་ཕན་གྱི་སེམས་ཁམས་ཀྱི་འགལ་ཟླའི་གཅིག་འདུའི་ཕུང་བོ་ཡིན། གོ་རིམ་འདི་གཤམ་གསལ་གྱི་རང་རྟོགས་རང་བཞིན་གྱི་སྤྱི་འགྲོས་སུ་བརྩིས་ཆོག་སྟེ།

2 རང་ནུས་ཚོར་སྣང་།

རང་་ནུས་པ་ཀྱི་ཚོར་སྣང་ལ་རང་ཉིད་ཀྱི་ཕན་ནུས(selficacy)ཡང་ཟེར་ཞིང་། དེ་ནི་མི་སྒེར་གྱིས་རང་ཉིད་ཀྱི་བྱ་སྤྱོད་ནུས་པར་སྔོན་དཔག་གི་འབྲས་བུ་འབྱུང་ཐུབ་མིན་ལ་འཛིན་པའི་དད་སེམས་ལ་ཟེར། རང་ཉིད་ཀྱི་ཕན་ནུས་ནི་རྨང་གཞིའི་དད་སེམས་ཁྲོད་ཀྱི་རང་ཉིད་ཀྱི་ཕན་ནུས་གོ་རྟོགས་ལས་བྱུང་བ་དང་། དད་སེམས་དང་འབྲེལ་བ་ཡོད་པའི་གདོད་ནུས་ཁྲོད་ཀྱི་རང་ཉིད་ཀྱི་ཕན་ནུས་ལ་མི་སྒེར་རང་ཉིད་ཀྱི་སྐྱེས་ཐོབ་དང་ཤེས་བྱ། ཉམས་མྱོང་། རྩལ་ནུས། གོམས་གཤིས་སོགས་ཚུད་ཡོད། རང་ཉིད་ཀྱི་ཕན་ནུས་དང་དམིགས་འབེན་ལས་འགན་ངེས་ཅན་ཞིག་དང་འབྲེལ་བ་བྱེད་སྐབས་རང་ཉིད་ཀྱི་ཕན་ནུས་ཀྱི་ཚོར་བ་སློང་ཐུབ། ཡིད་ཆེས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་བརྒྱུད་རིམ་ཁྲོད་དུ་རང་ནུས་ཀྱི་ཚོར་བ་ནི་ཆེས་དམའ་རིམ་ཡིན་པ་དང་། དེ་ནི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མངོན་པ་རེད། རང་ཉིད་ཀྱི་བྱ་སྤྱོད་ཀྱི་དངོས་ཡོད་སྟོབས་ཤུགས་ཀྱི་ནང་གནས་ཚོར་བ་དང་། སེམས་ཁམས་ཀྱི་ཚུར་སྣང་། ཕྱིའི་འདུ་ཤེས་བཅས་ཡིན་ལ། དེ་གསུམ་པོ་ཕན་ཚུན་བར་ལ་མཉམ་གནས་ཀྱི་གཅིག་གྱུར་མཐུན་སྦྱོར་རང་བཞིན་ལྡན་ཡོད།

3 རང་རྟོགས་ཀྱི་བསམ་པའི་བྱུང་བ།

རང་རྟོགས་རང་བཞིན་ནི་དད་སེམས་ཀྱི་རྨང་གཞིའི་ཐོག་བྱུང་བའི་ཕན་ཚུན་འགལ་ཟླར་གྱུར་བའི་རང་ཉིད་ཀྱི་ཕན་ནུས་ཀྱི་ཚོར་བ་དང་ཁེ་ཕན་གྱི་སེམས་ཁམས་ཡིན་ལ། “འགན་དབང་འདུ་ཤེས”ཀྱི་གཅིག་གྱུར་མཐུན་སྦྱོར་འོག་གྲུབ་པ་ཡིན། དེ་ནི་ཆེས་དམའ་རིམ་དུ་གནས་པའི་དམག་མིའི་ངར་ཤུགས་ཀྱི་རྣམ་པ་ཞིག་ཡིན། “འགན་དབང་འདུ་ཤེས”ཞེས་པ་ནི་བྱ་སྤྱོད་སྤེལ་བའི་ཁྲོད་དུ་མི་སྒེར་གྱིས་དེར་དམིགས་འབེན་དང་། འགན་འཁྲི། ཁེ་དབང་སོགས་སྤྲད་པའི་འདུ་ཤེས་ཡིན་པ་དང་། འགན་འཁྲིའི་འདུ་ཤེས་ཁྲོད་ཀྱི་དམིགས་འབེན་འགན་འཁྲིའི་འདུ་ཤེས་ནི་མི་སྒེར་གྱི་དད་སེམས་ཁྲོད་ཀྱི་ཕུགས་འདུན་དང་དང་བླངས། བསམ་བློ་སོགས་ཀྱི་དབང་གིས་འགན་འཁྲིའི་དམིགས་འབེན་གྱི་འདུ་ཤེས་ལས་བྱུང་བ་ཡིན། འགན་དབང་འདུ་ཤེས་ཁྲོད་ཀྱི་ཁེ་དབང་འདུ་ཤེས་ནི་མི་སྒེར་གྱི་དད་སེམས་ཁྲོད་ཀྱི་ཁེ་ཕན་ཁྱབ་ཁོངས་ནང་གི་སྤྱི་ཚོགས་ཚད་ལྡན་འདུ་ཤེས་ལས་བྱུང་བ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་རྟོགས། སེམས་ཁམས་རིག་པ།