ཝང་ཅུང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-08 09:13ལ་འགྲུབ།

ཝང་ཅུང་།

ཝང་ཅུང་།
ཁོ་ནི་སྤྱི་ལོ1964ལོའི་ཟླ9བར་སྐྱེས་ཤིང་། ཧོ་ནན་ཧོའེ་པིན་གྱི་མི་ཡིན། བཟོ་སྐྲུན་རིག་པའི་རབ་འབྱམས་པ་དང་། མཐོ་རིམ་བཟོ་བཀོད་པ་ཡིན། སྤྱི་ལོ1985ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་འཁུར་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王炯
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ9བ།
སྐྱེས་ཡུལ།
ཧོ་ནན་ཧོའེ་པིན།
མཐར་ཕྱིན་སློབ་གྲྭ།
ཝུའུ་ཧན་བཟོ་རིག་སློབ་ཆེན། ཝུའུ་ཧན་ངར་ལྕགས་སློབ་གླིང་།
ཆབ་སྲིད་རྣམ་པ།
ཀྲུང་གུང་ཏང་ཡོན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9བ་ནས་སྤྱི་ལོ1985ལོའི་ཟླ7པའི་བར་ཝུའུ་ཧན་ངར་ལྕགས་སློབ་གླིང་ལྕགས་བཞུ་སྡེ་ཁག་གི་གནོན་ཤུགས་ལས་སྣོན་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1988ལོའི་ཟླ2པའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་གྲང་བཙིར་བཟོ་གྲྭའི་ངར་ལྕགས་བཙིར་གནོན་འཁོར་ཁང་དང་པོའི་ལག་རྩལ་པ་བྱས།

སྤྱི་ལོ1988ལོའི་ཟླ2པ་ནས་སྤྱི་ལོ1988ལོའི་ཟླ9བའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་གྲང་བཙིར་བཟོ་གྲྭའི་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1988ལོའི་ཟླ9བ་ནས་སྤྱི་ལོ1990ལོའི་ཟླ11པའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་གྲང་བཙིར་བཟོ་གྲྭའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ1990ལོའི་ཟླ11པ་ནས་སྤྱི་ལོ1992ལོའི་ཟླ5བའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་གྲང་བཙིར་བཟོ་གྲྭའི་ངར་ལྕགས་བཙིར་གནོན་འཁོར་ཁང་དང་པོའི་ཀྲུའུ་རེན་གཞོན་པའི་འགན་ཁུར།

སྤྱི་ལོ1992ལོའི་ཟླ5བ་ནས་སྤྱི་ལོ1992ལོའི་ཟླ11པའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་གྲང་བཙིར་བཟོ་གྲྭའི་ངར་ལྕགས་བཙིར་གནོན་འཁོར་ཁང་དང་པོའི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ1992ལོའི་ཟླ11པ་ནས་སྤྱི་ལོ1994ལོའི་ཟླ1པོའི་བར་ཝུའུ་ཧན་ངར་ལྕགས(ཚོགས་པ)ཀུང་སིའི་གྲང་བཙིར་བཟོ་གྲྭའི་ངར་ལྕགས་བཙིར་གནོན་འཁོར་ཁང་དང་པོའི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ1994ལོའི་ཟླ1པོ་ནས་སྤྱི་ལོ1994ལོའི་ཟླ9བའི་བར་ཝུའུ་ཧན་ལྕགས་དང(ཚོགས་པ)ཀུང་སིའི་གྲང་བཟོའི་བཟོ་གྲྭའི་སྤུས་ཚད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།

སྤྱི་ལོ1994ལོའི་ཟླ9བ་ནས་སྤྱི་ལོ1996ལོའི་ཟླ7པའི་བར་ཝུའུ་ཧན་ངར་ལྕགས(ཚོགས་པ)ཀུང་སིའི་གྲང་བཟོའི་པང་ལེབ་བཟོ་གྲྭའི་ཁྲང་ཀྲང་གི་ལས་རོགས་པ་བྱས།

སྤྱི་ལོ1996ལོའི་ཟླ7པ་ནས་སྤྱི་ལོ1996ལོའི་ཟླ11པའི་བར་ཝུའུ་ཧན་ལྕགས་དང་ངར་ལྕགས(ཚོགས་པ)ཀུང་སིའི་གྲང་བཟོའི་པང་ལེབ་བཟོ་གྲྭའི་ཁྲང་ཀྲང་གཞོན་པ་བྱས།

སྤྱི་ལོ1996ལོའི་ཟླ11པ་ནས་སྤྱི་ལོ1998ལོའི་ཟླ3པའི་བར་ཝུའུ་ཧན་ལྕགས་ལས(ཚོགས་པ)ཀུང་སིའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2000ལོའི་ཟླ5བའི་བར་ཝུའུ་ཧན་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། གྲང་གནོན་པང་ལེབ་བཟོ་གྲྭའི་ཁྲང་ཀྲང་གཅིག་ལྕོགས་ཀྱི་འགན་ཁུར།

སྤྱི་ལོ2000ལོའི་ཟླ5བ་ནས་སྤྱི་ལོ2001ལོའི་ཟླ8པའི་བར་ཝུའུ་ཧན་ངར་ལྕགས(ཚོགས་པ)ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པའི་འགན་ཁུར།

སྤྱི་ལོ2001ལོའི་ཟླ8པ་ནས་སྤྱི་ལོ2002ལོའི་ཟླ9བའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། ཝུའུ་ཧན་ངར་ལྕགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཅིག་ལྕོགས་བྱས།

སྤྱི་ལོ2002ལོའི་ཟླ9བ་ནས་སྤྱི་ལོ2002ལོའི་ཟླ10བའི་བར་ཝུའུ་ཧན་ངར་ལྕགས་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། ཝུའུ་ཧན་ངར་ལྕགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཅིག་ལྕོགས་ཀྱི་འགན་ཁུར།

སྤྱི་ལོ2002ལོའི་ཟླ10བ་ནས་སྤྱི་ལོ2008ལོའི་ཟླ10བའི་བར་ཝུའུ་ཧན་ངར་ལྕགས(ཚོགས་པ)ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། ཝུའུ་ཧན་ངར་ལྕགས(ཚོགས་པ)ཀུང་སིའི་ཏང་གི་སློབ་གྲྭའི་སློབ་གཙོ་གཅིག་ལྕོགས་བཅས་ཀྱི་འགན་ཁུར།

སྤྱི་ལོ2008ལོའི་ཟླ10བ་ནས་སྤྱི་ལོ2008ལོའི་ཟླ12པའི་བར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་ཁུར།

སྤྱི་ལོ2008ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ8པའི་བར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་ཁུར།

སྤྱི་ལོ2011ལོའི་ཟླ8པ་ནས་སྤྱི་ལོ2014ལོའི་ཟླ7པའི་བར་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2014ལོའི་ཟླ7པ་ནས་སྤྱི་ལོ2017ལོའི་ཟླ5བའི་བར་ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2017ལོའི་ཟླ5བ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར།

སྤྱི་ལོ2018ལོའི་ཟླ1པོ་ནས་སྤྱི་ལོ2023ལོའི་ཟླ1པོའི་བར་ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2023ལོའི་ཟླ1པོ་ནས་བཟུང་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་འཁུར།

2 ལས་འགན།

ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་འཐུས་མི་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི། རྒྱལ་ཡོངས་ཆབ་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་ལྔ་པ་དང་དྲུག་པའི་འཐུས་མི། ཁྲུང་ཆིང་གྲོང་ཁྱེར་གྱི་སྐབས་ལྔ་པ་དང་དྲུག་པའི་སྲིད་གྲོས་ཨུ་ཡོན། ཀྲུང་གུང་ཁྲུང་ཆིང་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་སྐབས་དྲུག་པའི་ཨུ་ཡོན་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཁྲུང་ཆིང་།