ཧྲེན་ཅིན་ཆང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-08 09:12ལ་འགྲུབ།

ཧྲེན་ཅིན་ཆང་།

ཧྲེན་ཅིན་ཆང་།
ཁོ་ནི་སྤྱི་ལོ1963ལོའི་ཟླ10བར་སྐྱེས་ཤིང་། ཅང་སུའུ་ནན་ཅིན་གྱི་མི་ཡིན། དཔལ་འབྱོར་རིག་པའི་དོ་དམ་རབ་འབྱམས་པ་དང་། མཐོ་རིམ་བཟོ་བཀོད་པ་ཡིན། སྤྱི་ལོ1984ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1989ལོའི་ཟླ9བར་ཀྲུང་གོ་དམངས་གཙོའི་རྒྱལ་འཛུགས་ལྷན་ཚོགས་སུ་ཞུགས། ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་གྱི་ཀྲུའུ་རེན་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་འཁུར་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沈金强
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ10བ།
སྐྱེས་ཡུལ།
ཅང་སུའུ་ནན་ཅིན།
མཐར་ཕྱིན་སློབ་གྲྭ།
ནན་དབྱང་བཟོ་སྐྲུན་སློབ་ཆེན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9བ་ནས་སྤྱི་ལོ1984ལོའི་ཟླ8པའི་བར་ཝུའུ་ཞིའི་ཡང་བའི་བཟོ་ལས་སློབ་གླིང་གི་སྐྱུར་བསྙལ་བཟོ་སྐྲུན་སྡེ་ཁག་གི་བཟོ་ལས་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1984ལོའི་ཟླ8པ་ནས་སྤྱི་ལོ1991ལོའི་ཟླ6པའི་བར་ཁྲུང་ཆིང་སྦི་རག་བཟོ་གྲྭའི་བསྙལ་བཟོའི་འཁོར་ཁང་གི་ལག་རྩལ་པ་དང་། ཀྲུའུ་རེན་གཞོན་པ། བཟོ་གྲྭའི་ལག་རྩལ་སྤུས་ཚད་ཁོའོ་ཡི་ཁོའོ་ཀྲང་བཅས་ཡིན།

སྤྱི་ལོ1991ལོའི་ཟླ6པ་ནས་སྤྱི་ལོ1992ལོའི་ཟླ12པའི་བར་ཁྲུང་ཆིང་སྦི་རག་བཟོ་གྲྭའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་དང་ལག་རྩལ་ཁོའོ་ཡི་ཁོའོ་ཀྲང་གཅིག་ལྕོགས་ཀྱི་འགན་ཁུར།

སྤྱི་ལོ1992ལོའི་ཟླ12པ་ནས་སྤྱི་ལོ1995ལོའི་ཟླ5བའི་བར་ཁྲུང་ཆིང་སྦི་རག་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ལས་མི་གཞོན་པ་དང་ལག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཅིག་ལྕོགས་ཀྱི་འགན་ཁུར།

སྤྱི་ལོ1995ལོའི་ཟླ5བ་ནས་སྤྱི་ལོ1995ལོའི་ཟླ12པའི་བར་ཁྲུང་ཆིང་སྦི་རག་ཚོགས་པ་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་དང་། ཐོན་སྐྱེད་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ། ལག་རྩལ་ཁྲུའི་ཁྲུའུ་ཀྲང་གཅིག་ལྕོགས་བཅས་ཀྱི་འགན་ཁུར།

སྤྱི་ལོ1995ལོའི་ཟླ12པ་ནས་སྤྱི་ལོ1996ལོའི་ཟླ6པའི་བར་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ཁྲུང་ཆིང་སྦི་རག་ཚོགས་པ་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་དགེ་རྒན་གཞོན་པ། ཐོན་སྐྱེད་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ལག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཅིག་ལྕོགས་བཅས་ཀྱི་འགན་ཁུར།

སྤྱི་ལོ1996ལོའི་ཟླ6པ་ནས་སྤྱི་ལོ1996ལོའི་ཟླ12པའི་བར་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ཁྲུང་ཆིང་སྦི་རག(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ1996ལོའི་ཟླ12པ་ནས་སྤྱི་ལོ1998ལོའི་ཟླ1པོའི་བར་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཁྲུང་ཆིང་སྦི་རག(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ1998ལོའི་ཟླ1པོ་ནས་སྤྱི་ལོ2007ལོའི་ཟླ4བའི་བར་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་ཆུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་འགན་ཁུར།

སྤྱི་ལོ2007ལོའི་ཟླ4བ་ནས་སྤྱི་ལོ2009ལོའི་ཟླ2པའི་བར་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ཁྲུང་ཆིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2009ལོའི་ཟླ2པ་ནས་སྤྱི་ལོ2012ལོའི་ཟླ4བའི་བར་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ཁྲུང་ཆིང་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཅུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2012ལོའི་ཟླ4བ་ནས་སྤྱི་ལོ2012ལོའི་ཟླ12པའི་བར་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཁྲུང་ཆིང་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2012ལོའི་ཟླ12པ་ནས་སྤྱི་ལོ2013ལོའི་ཟླ1པོའི་བར་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ཨུ་དང་། ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ2013ལོའི་ཟླ1པོ་ནས་སྤྱི་ལོ2013ལོའི་ཟླ2པའི་བར་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ཨུ། ཁྲུང་ཆིང་གྲོང་ཁྱེར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ2013ལོའི་ཟླ2པ་ནས་སྤྱི་ལོ2022ལོའི་ཟླ12པའི་བར་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་འགན་ཁུར།

སྤྱི་ལོ2022ལོའི་ཟླ12པར་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་འགན་ཁུར།

2 ལས་འགན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་། བཅུ་གསུམ་པ། བཅུ་བཞི་པ་བཅས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱི་འཐུས་མི། གྲོང་ཁྱེར་སྐབས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཨུ་ཡོན། གྲོང་ཁྱེར་སྐབས་གསུམ་པའི་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཡིན་ལ། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། ཁྲུང་ཆིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་ཚོགས་གཙོ་གཞོན་པ་བཅས་ཡིན།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2023ལོའི་ཟླ1པོའི་ཚེས17ཉིན་ཁྲུང་ཆིང་གྲོང་ཁྱེར་གྱི་སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཧྲེན་ཅིན་ཆང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཁྲུང་ཆིང་།