ཧྲང་ཁུའེ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-08 09:11ལ་འགྲུབ།

ཧྲང་ཁུའེ།

ཧྲང་ཁུའེ།
ཁོ་ནི་སྤྱི་ལོ1968ལོའི་ཟླ6པར་སྐྱེས་ཤིང་། ཁྲུང་ཆིན་གྲོང་ཁྱེར་ཅིའུ་ལུང་ཕོ་ཡི་མི་ཡིན། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་རབ་འབྱམས་པ་དང་། མཐོ་རིམ་རྩིས་གཉེར་པ་བཅས་ཡིན། སྤྱི་ལོ1991ལོའི་ཟླ7པར་བྱ་བར་ཞུགས་པ་དང་། སྤྱི་ལོ1991ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ལྟ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商奎
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ6པ།
སྐྱེས་ཡུལ།
ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ།
བསླབ་གནས།
རབ་འབྱམས་པ།
1 ​བྱ་བའི་བརྒྱུད་རིམ།

དེ་སྔ་ཁྲུང་ཆིང་གྲོང་ཁྱེར་ནོར་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་།

སྤྱི་ལོ2016ལོའི་ཟླ12པར་ཁྲུང་ཆིང་ཡུས་ཀྲུང་ཆུས་ཨུའི་རྒྱུན་ཨུ་དང་། ཆུས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཆུས་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ2017ལོའི་ཟླ4བར་ཁྲུང་ཆིང་གྲོང་ཁྱེར་ཡུས་ཀྲུང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2019ལོའི་ཟླ4བར་ཁྲུང་ཆིང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ2021ལོའི་ཟླ9བར་ཁྲུང་ཆིང་གྲོང་ཁྱེར་ནོར་སྲིད་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2023ལོའི་ཟླ1པོར་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། གྲོང་ཁྱེར་ནོར་སྲིད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་འགན་ཁུར།

2 ལས་འགན།

ཀྲུང་གོ་གུང་ཁྲན་ཏང་ཁྲུང་ཆིན་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་སྐབས་དྲུག་པའི་ཨུ་ཡོན་དང་། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཁྲུང་ཆིང་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་འཐུས་མི་བཅས་ཡིན།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2023ལོའི་ཟླ1པོའི་ཚེས17ཉིན་ཁྲུང་ཆིང་གྲོང་ཁྱེར་གྱི་སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག ཧྲང་ཁུའེ་ཧྲི་ཀྲང་གཞོན་པར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཁྲུང་ཆིང་།