སྐྱེ་ཁམས་རིག་པ་བ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2024-03-22 08:58ལ་འགྲུབ།

སྐྱེ་ཁམས་རིག་པ་བ།

སྐྱེ་ཁམས་རིག་པ་བ་ཞེས་པ་ནི་སྐྱེ་ཁམས་རིག་པར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་ལ་ཟེར། སྐྱེ་ཁམས་ཚན་རིག་པ་རྣམས་ཀྱི་ལས་འགན་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་སོགས་ཀྱི་གནད་དོན་ཆེན་པོ་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生态学家
ཕྱི་ཡིག་གི་མིང་།
Ecologist
1 མཚན་ཉིད།

སྐྱེ་ཁམས་རིག་པ་ནི་སྐྱེ་ལྡན་ཕུང་པོ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། སྐྱེ་དངོས་ཀྱི་འཚོ་གནས་དང་། འགུལ་སྐྱོད། སྐྱེ་འཕེལ་བཅས་ལ་བར་སྟོང་དང་། དངོས་པོ། ནུས་ཚད་ངེས་ཅན་ཞིག་དགོས། སྐྱེ་དངོས་རྣམས་དུས་ཡུན་རིང་བོར་འཕེལ་འགྱུར་བྱེད་པའི་གོ་རིམ་ཁྲོད། རིམ་གྱིས་མཐའ་འཁོར་ཁོར་ཡུག་གི་དངོས་ལུགས་ཆ་རྐྱེན་དང་རྫས་འགྱུར་གྲུབ་ཆ་སྟེ། དཔེར་ན་མཁའ་རླུང་དང་། འོད། ཆུ། ཚ་ཚད། སྐྱེ་མེད་ཚྭ་སོགས་ཀྱི་དགོས་མཁོ་དམིགས་བསལ་ཅན་དུ་གྱུར། སྐྱེ་དངོས་སྣ་ཚོགས་ལ་མཁོ་བའི་དངོས་པོ་དང་ནུས་ཚད་དང་དེ་མིན་དེ་དག་ལ་འཕྲོད་པའི་དངོས་ལུགས་ཆ་རྐྱེན་མི་འདྲ་བ་རེད། ཁྱད་ཆོས་འདི་ལ་སྐྱེ་དངོས་རིགས་ཀྱི་སྐྱེ་ཁམས་ཁྱད་ཆོས་ཟེར། སྐྱེ་ཁམས་རིག་པར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་ནི་སྐྱེ་ཁམས་རིག་པ་བ་ཡིན།

2 འཕེལ་རྒྱས་ལོ་རྒྱུས།

སྐྱེ་ཁམས་རིག་པའི་འཕེལ་རྒྱས་ལ་མྱུ་གུ་འབུས་པ་དང་། ཆགས་པ། འཕེལ་རྒྱས་སོགས་ཀྱི་དུས་རིམ་གསུམ་དུ་དབྱེ་ཆོག

3 ནང་དོན།

སྐྱེ་དངོས་མ་ལག་གི་གྲུབ་ཆའི་རིམ་པ་ལྟར་དབྱེ་ན། བྱེ་བྲག་གི་སྐྱེ་ཁམས་རིག་པ་དང་། རིགས་ཁྱུ་སྐྱེ་ཁམས་རིག་པ། ཁྱུ་ཚོགས་སྐྱེ་ཁམས་རིག་པ། སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་རིག་པ་སོགས་ཡོད།

སྐྱེ་དངོས་འཚོ་སྡོད་ཀྱི་ཁོར་ཡུག་གི་དབྱེ་བ་ལྟར་དབྱེ་ན། སྐམ་སའི་སྐྱེ་ཁམས་རིག་པ་དང་ཆུ་ཁོངས་ཀྱི་སྐྱེ་ཁམས་རིག་པ་ཡོད། སྔོན་མ་དེ་ནགས་ཚལ་སྐྱེ་ཁམས་རིག་པ་དང་། རྩྭ་ཐང་སྐྱེ་ཁམས་རིག་པ། ཐང་རྒོད་སྐྱེ་ཁམས་རིག་པ། ས་རྒྱུའི་སྐྱེ་ཁམས་རིག་པ་སོགས་སུ་དབྱེ་ཆོག་པ་དང་། ཕྱི་མ་དེ་རྒྱ་མཚོའི་སྐྱེ་ཁམས་རིག་པ་དང་། མཚེའུ་འདམ་སྐྱེ་ཁམས་རིག་པ། འབབ་རྒྱུད་ཀྱི་སྐྱེ་ཁམས་རིག་པ་སོགས་སུ་དབྱེ་ཆོག ད་དུང་དེ་ལས་ཞིབ་ཕྲའི་དབྱེ་བ་ཡོད་པ་དཔེར་ན། རྩི་ཤིང་གི་རྩ་བའི་སྐྱེ་ཁམས་རིག་པ་དང་རྒྱུ་མའི་སྐྱེ་ཁམས་རིག་པ་སོགས་ཡིན།

སྐྱེ་ཁམས་རིག་པ་དང་ཚེ་སྲོག་མིན་པའི་ཚན་རིག་ཟུང་འབྲེལ་བྱེད་པ་ནི་རྩིས་རིག་སྐྱེ་ཁམས་རིག་པ་དང་། རྫས་འགྱུར་སྐྱེ་ཁམས་རིག་པ། དངོས་ལུགས་སྐྱེ་ཁམས་རིག་པ། ས་ཁམས་སྐྱེ་ཁམས་རིག་པ། དཔལ་འབྱོར་སྐྱེ་ཁམས་རིག་པ། སྐྱེ་ཁམས་དཔལ་འབྱོར་རིག་པ། ནགས་ཚལ་སྐྱེ་ཁམས་རྩིས་གཉེར་སོགས་ཡོད། ཚེ་སྲོག་ཚན་རིག་གི་ཡན་ལག་གཞན་དག་དང་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་རིག་པ་དང་། བྱ་སྤྱོད་སྐྱེ་ཁམས་རིག་པ། རྒྱུད་འཛིན་སྐྱེ་ཁམས་རིག་པ། འཕེལ་འགྱུར་སྐྱེ་ཁམས་རིག་པ་སོགས་ཡོད།

ཉེར་སྤྱོད་རང་བཞིན་གྱི་ཡན་ལག་རིག་ཚན་ལ་ཞིང་ལས་སྐྱེ་ཁམས་རིག་པ་དང་། གསོ་རིག་སྐྱེ་ཁམས་རིག་པ། བཟོ་ལས་ཐོན་ཁུངས་སྐྱེ་ཁམས་རིག་པ། ཁོར་ཡུག་སྲུང་སྐྱོབ་སྐྱེ་ཁམས་རིག་པ། ཁོར་ཡུག་སྐྱེ་ཁམས་རིག་པ། སྐྱེ་ཁམས་གསོ་སྐྱོང་། སྐྱེ་ཁམས་ཆ་འཕྲིན་རིག་པ། གྲོང་ཁྱེར་སྐྱེ་ཁམས་རིག་པ། སྐྱེ་ཁམས་མ་ལག་ཞབས་ཞུ། མཛེས་ལྗོངས་སྐྱེ་ཁམས་རིག་པ་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།