ཉེན་འགོག་རོགས་སྐྱོབ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2023-12-26 11:00ལ་འགྲུབ།

ཉེན་འགོག་རོགས་སྐྱོབ།

ཉེན་འགོག་རོགས་སྐྱོབ།
འདི་ནི་ཆེད་སྦྱོང་རིམ་པའི་ཆེད་ལས་བསླབ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抢险救援
ཆེད་ལས་ཨང་རྟགས།
680207K
སློབ་ཡུན།
ལོ་གསུམ།
བསླབ་ཚན་རིགས།
སྤྱི་བདེ་དང་ཁྲིམས་འཛིན་རིགས།
1 གསོ་སྐྱོང་རེ་འདུན།

རང་རྒྱལ་གྱི་སྤྱི་བདེའི་ལས་དོན་ལ་རྒྱུས་མངའ་ཡོད་པའི་བྱེད་ཕྱོགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གསོ་སྐྱོང་བྱས་ཏེ་སྤྱི་བདེ་མེ་ཟོན་དཔུང་སྡེར་གནོད་འཚེའི་དོན་རྐྱེན་རོགས་སྐྱོབ་དང་མེ་གསོད་རོགས་སྐྱོབ་སྒྲིག་འཛུགས་བཀོད་འདོམས་སོགས་ཐད་ཀྱི་ལས་ཀ་བྱེད་ཐུབ་པའི་མཐོ་རིམ་ལག་རྩལ་སྤྱོད་འོས་པའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།  

གཙོ་བོ་སྤྱི་བདེ་མེ་ཟོན་གྱི་གཞི་རིམ་དཔུང་སྡེ་དང་སྒྲིག་འཛུགས་བཀོད་འདོམས། དེ་བཞིན་ལས་སྒྲུབ་སྦྱོང་བརྡར། དོ་དམ་སློབ་གསོ་སོགས་ཐད་ཀྱི་ལས་ཀ་བྱེད་མཁན་གྱི་མཐོ་རིམ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ། ཆེད་ལས་སློབ་ཚན་གཙོ་བོར་མེ་ཟོན་ལག་རྩལ་སྒྲིག་ཆས་དང་། མེ་ཟོན་འཕྲིན་གཏོང་། ཉེན་སེལ་རོགས་སྐྱོབ་ལག་རྩལ། གནོད་འཚེ་ཐོན་ཡུལ་དུ་སྐྱོབ་སྲུང་། གནོད་འཚེའི་ལས་འཛོལ་འཕྲལ་སྡོམ་ཐག་གཅོད་བཅས་ཡོད།

2 ​སློབ་ཚན་སྒྲིག་འགོད།

ཆེད་ལས་ཀྱི་སློབ་ཚན་གཙོ་བོ་དང་ལག་ལེན་གྱི་ལྷུ་ཚིགས་གཙོ་བོ་ནི། གནོད་འཚེ་མྱུར་སྐྱོབ་རོགས་སྐྱོབ་ལག་རྩལ་དང་། ཉེན་སེལ་རོགས་སྐྱོབ་ལག་རྩལ་སྦྱོང་བརྡར། སྲོག་སྐྱོབ་རོགས་སྐྱོབ་ལག་རྩལ་སྦྱོང་བརྡར། མེ་གསོད་རོགས་སྐྱོབ་སྒྲིག་འཛུགས་བཀོད་འདོམས་བྱེད་ཐབས། གནོད་འཚེ་མྱུར་སྐྱོབ་རོགས་སྐྱོབ་བྱ་སྤྱོད་རགས་ཞིབ། ས་གནས་ས་ཐོག་གི་སྨན་བཅོས་མྱུར་སྐྱོབ་ལག་རྩལ། དཔུང་སྡེའི་དོ་དམ། རྩལ་ནུས་སྦྱོང་བརྡར། སྤྱི་བདེ་མེ་ཟོན་དཔུང་སྡེའི་དངོས་སྦྱོང་། སྤྱི་ཚོགས་བརྟག་དཔྱད་སོགས་དང་དེ་བཞིན་སློབ་གྲྭ་ཁག་གི་ཁྱད་ལྡན་སློབ་ཚན་དང་ལག་ལེན་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆེད་ལས། ཉེན་འགོག བསླབ་ཚན།