ཀྲུང་གོའི་མེ་ཟོན་མཚོན་རྟགས།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2023-12-26 10:30ལ་འགྲུབ།

ཀྲུང་གོའི་མེ་ཟོན་མཚོན་རྟགས།

ཀྲུང་གོའི་མེ་ཟོན་མཚོན་རྟགས།
མཚོན་རྟགས་བྱང་བུ་དེ་འཕྲལ་སྡོམ་དོ་དམ་པུའུ་ཡིས་་གཅིག་གྱུར་ཐོག་བཟོས་པ་ཞིག་ཡིན་པ་དང་། སྒྲིག་སྦྱོར་བྱ་ཡུལ་ནི་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་ལས་བྱེད་པ་དང་། རུ་མི། མེ་ཟོན་ཆེད་ལས་སློབ་གླིང་གི་སློབ་མ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国消防徽章
རིགས་དབྱེ།
མེ་ཟོན་མཚོན་རྟགས།
1 ངོ་སྤྲོད།

འཕྲལ་སྡོམ་དོ་དམ་པུའུ་མེ་ཟོན་རོགས་སྐྱོབ་ཅུའུ་ཡི་མཚོན་རྟགས།

པེ་ཅིང་ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ལོ2018ལོའི་ཟླ10པའི་ཚེས10ཉིན་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཁྱབ་བསྒྲགས་སྤེལ་ནས་ཀྲུང་གུང་ཀྲུང་དབྱང་གི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གྲོས་གཞི》གཞིར་བཟུང་། སྤྱི་བདེ་མེ་ཟོན་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེ་དངོས་ཞབས་ནས་ཕྱིར་འཐེན་བྱས་ཏེ་སྒྲིག་གཞི་ཚང་བའི་སྒོ་ནས་འཕྲལ་སྡོམ་དོ་དམ་པུའུ་ཡི་ཁོངས་སུ་བཅུག་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་བཙུགས་པ་རེད། སྤྱི་ལོ2018ལོའི་ཟླ10པའི་ཚེས10ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་གྱོན་ཆས་མ་སྤྲད་གོང་དེ་སྔའི་སྤྱི་བདེ་མེ་ཟོན་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེ། ཉེན་རྟོག་རིགས་སློབ་གླིང་བཅས་ཀྱི་མི་སྣས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ལས་གོས་དང་མཚོན་རྟགས་ཀྱི་གྱོན་ཆས་སྤྱོད་མཚམས་བཞག་ནས་དྲག་ཆས་ཉེན་རྟོག་གི་མཚོན་རྟགས་འཕྲལ་སྡོམ་དོ་དམ་པུའུ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་སྣའི་མཚོན་རྟགས་ཀྱི་བཟོ་ལྟ་དང་དེ་བཞིན་སྒྲིག་སྲོལ་ཡོངས་བསྒྲགས་བྱས་པ་རེད། མཚོན་རྟགས་བྱང་བུ་དེ་འཕྲལ་སྡོམ་དོ་དམ་པུའུ་ཡིས་་གཅིག་གྱུར་ཐོག་བཟོས་པ་ཞིག་ཡིན་པ་དང་། སྒྲིག་སྦྱོར་བྱ་ཡུལ་ནི་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་ལས་བྱེད་པ་དང་། རུ་མི། མེ་ཟོན་ཆེད་ལས་སློབ་གླིང་གི་སློབ་མ་བཅས་ཡིན་ལ། བཀོད་སྒྲིག་ཁྱབ་ཁོངས་ནང་མེད་པའི་མི་སྣས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་སྣའི་མཚོན་རྟགས་འདོགས་མི་ཆོག མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་དོ་དམ་བཀོད་འདོམས་ལས་བྱེད་པ་དང་། ཆེད་ལས་ལག་རྩལ་ལས་བྱེད་པ། མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་བཅས་ཀྱིས་ལས་བྱེད་པའི་མཚོན་རྟགས་བྱང་བུ་བཏགས་པ་དང་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རུ་མི་དང་མེ་ཟོན་མི་སྣའི་སློབ་གྲྭའི་སློབ་མས་རུ་མིའི་མཚོན་རྟགས་བཏགས་ཡོད།


དཔྱད་གཞིའི་ཡིག་ཆ།