གཏོར་བཤིག་རང་བཞིན་གྱི་ས་ཡོམ།(地震)སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2023-12-26 10:29ལ་འགྲུབ།

གཏོར་བཤིག་རང་བཞིན་གྱི་ས་ཡོམ།(地震)

གཏོར་བཤིག་རང་བཞིན་གྱི་ས་ཡོམ།(地震)
གཏོར་བཤིག་རང་བཞིན་གྱི་ས་ཡོམ་ནི་ས་ཡོམ་གྱི་རིམ་པ་ཅུང་ཆེ་བ་དང་། སྤྱིར་བཏང་ས་ཡོམ་གྱི་རིམ་པ5ལས་ཆེ་བ། མི་ཤི་རྨས་ངེས་ཅན་བྱུང་བ་དང་འཛུགས་སྐྲུན་དངོས་པོར་གཏོར་བཤིག་ཚབས་ཆེན་བཟོས་པའམ། མི་སྣ་ཤི་རྨས་དང་འཛུགས་སྐྲུན་དངོས་པོར་གཏོར་བཤིག་ཚབས་ཆེན་བཟོས་པའི་ས་ཡོམ་གྱི་གནོད་འཚེ་ལ་ཟེར། རྒྱུན་དུ་རིམ་པ2.5ལས་ཆུང་བའི་ས་ཡོམ་ལ་ས་ཡོམ་ཆུང་བ་ཟེར། ས་ཡོམ་རིམ་པ2.5ནས4.7ལ་ཚོར་ཟིན་ས་ཡོམ་ཟེར། ས་ཡོམ་རིམ་པ4.7ལས་ཆེ་བ་ལ་གཏོར་བཤིག་རང་བཞིན་གྱི་ས་ཡོམ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
破坏性地震
ཕྱི་ཡིག་གི་མིང་།
Destructive earthquake
ངོ་བོ།
ས་ཡོམ་བརྡ་ཆད།
རིགས་དབྱེ།
ས་ཡོམ།
1 དངོས་ལུགས་འགྲེལ་བཤད།

གཏོར་བཤིག་རང་བཞིན་གྱི་ས་ཡོམ་ནི་ས་ཤུན་ཁྲོད་ཀྱི་གློག་གི་སྣང་ཚུལ་ལ་གོ་བ་ལེན་དགོས།

ས་རིམ་གཉིས་ཀྱི་གློག་གནས་གྲུབ་པའི་གོ་རིམ་ཁྲོད། ས་ངོས་རིམ་པར་གློག་རྒྱུན་འབྱུང་སྲིད་ལ་ས་ངོས་སུ་ལྗིད་ཤུགས་དང་ས་སྡུད་ཤོར་སྲིད། ས་རིམ་ལ་ལའི་ཁྲོད་ཀྱི་གློག་རས་དེའི་མཚན་མཐུན་གློག་རར་ཟུར་འབུད་ཀྱི་ཤུགས་འབྱུང་། ཤུགས་འདི་འདང་ངེས་ཤིག་ཆེ་ན། ས་ངོས་གསེག་པ་དང་ཡར་འབུར་བ། ཆུ་གནས་ཀྱི་འགྱུར་ལྡོག་འབྱུང་། མཚན་ཐ་དད་ཡིན་པའི་གློག་ར་གཉིས་ཀྱི་ས་རིམ་བར་དུ་འཐེན་ཤུགས་ཀྱིས་གནོན་ཤུགས་ཧ་ཅང་ཆེན་པོ་ཐེབས་ཀྱིན་ཡོད་པ་དང་། ས་རིམ་ནང་གི་རླུང་རྣམ་དངོས་པོ་གནོན་ཤུགས་ཐེབས་ནས་ས་རིམ་ཕྱིར་འབུད་ཀྱིན་ཡོད། དཔེར་ན། ཏུང་སོགས་ཀྱིས་སའི་ཏུང་དང་ཆུའི་ཏུང་ཇེ་མང་དུ་འགྲོ་བ་མ་ཟད། ཁྲོན་པར་ལྦུ་བ་འཕྱུར་བ་དང་རྙོག་པར་འགྱུར། ལྗིད་ཤུགས་དང་ས་སྡུད་འགྱུར་ལྡོག་ལ་ཚོར་བ་སྐྱེན་པའི་སྲོག་ཆགས་ཁ་ཤས་ཀྱིས་གནོད་འཚེའི་ཉེ་བའི་ཚོར་བ་འབྱུང་སྲིད། དཔེར་ན། སྒོ་ཕྱུགས་ཀྱིས་ཚོར་ཐུབ་པ་དང་། ཧ་ཅང་ཆེ་བའི་གློག་རའི་གློག་གཏོང་སྣང་ཚུལ་ལ་གློག་འཁྱུག་པ་ལྟ་བུའི་ས་འོད་འབྱུང་། དཔེར་ན། འོད་སྔོན་པོ་དང་དམར་མདངས་ཕྱིར་གཏོང་བ། སྤྲིན་རིམ་ཁྲོད་ཀྱི་ཕོ་མོའི་གློག་དོ་སྙོམས་ལ་གཏོར་བཤིག་ཐེབས་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཏེ། དཔེར་ན། གནམ་རུབ་པ་དང་ཆར་བ་འབབ་པའི་གནམ་གཤིས་འབྱུང་། ཤུགས་ཆེ་བའི་གློག་གཏོང་སྣང་ཚུལ་བྱུང་སྐབས། ནུས་ཚད་ཆེན་པོས་ས་རིམ་གྱི་གྲུབ་ཚུལ་ལ་གཏོར་བཤིག་ཐེབས་ཤིང་། འཕྲེད་རླབས་དང་གཞུང་རླབས་ཀྱི་རྣམ་པས་ཕྱོགས་བཞིར་ཁྱབ་པ་རེད།

2 འཕྲལ་བསྟུན་བྱེད་ཐབས།
2_1 ས་ཡོམ་གྱི་སྐད་ཅིག་ཉིད།

སེམས་རྣལ་དུ་ཕབ་ནས་སྐར་ཆ12བརྩོན་ལེན་བྱེད་པ།

ཡོམ་ལྟེ་དང་དེའི་ཉེ་འགྲམ་གྱི་ས་ཁུལ་དུ་ས་ཡོམ་བྱུང་ནས་ཁང་པ་རྡིབ་པའི་བར་སྤྱིར་ན་སྐར་ཆ12ཡས་མས་ཀྱི་དུས་ཚོད་ཡོད་པས། མི་སྒེར་ཞིག་ཡིན་པའི་ཆ་ནས་བབ་བརླིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། སྐར་ཆ12ཀྱི་ནང་ཚུན་དུ་སྦས་སྐུང་བྱེད་པའི་གདམ་ག་ཡང་དག་བྱེད་དགོས། ས་ཡོམ་བྱུང་རྗེས་དངངས་འཚབ་གཏན་ནས་བྱེད་མི་རུང་བ་དང་། སྒྲིག་བཀོད་སྣ་ཚོགས་ལ་བརྟེན་ནས་ས་ཆ་དེ་རང་དང་ཐག་ཉེ་སར་ཉེན་གཡོལ་བྱེད་དགོས།

2_2 ས་ཡོམ་ཆེན་པོའི་ཁྲོད། 

སྔ་ཙམ་ནས་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་དགོས།

ཚེ་སྲོག་སྐྱོབ་པའི་གོ་རིམ་ཁྲོད་འགོར་འགྱངས་བྱས་པའི་དུས་ཚོད་ཇི་ལྟར་ཐུང་ན་མི་རྣམས་འཚོ་གནས་བྱེད་པའི་རེ་བ་དེ་ལྟར་ཆེ། དེ་བས་སྒུག་བརྟེན་མི་བྱེད་པར་སྔ་མོ་ནས་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་དགོས། ས་ཡོམ་བྱུང་སྐབས་ས་འོག་ཏུ་སྦས་པའི་མི་མང་ཆེ་བ་ནི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད།

ས་ཡོམ་ཁྲོད་འཛུགས་སྐྲུན་དངོས་པོ་རྡུབ་ནས་འོག་ཏུ་སྦས་པའི་མི་རྣམས་ཀྱིས་རིག་པ་དྭངས་གསལ་དང་ལུས་པོར་རྨས་སྐྱོན་ཚབས་ཆེན་ཕོག་མེད་ན། ཚང་མས་སྐྱོབ་ཐུབ་པའི་ཡིད་ཆེས་བརྟན་པོ་དང་། རང་ཉིད་སྲུང་སྐྱོབ་འོས་འཚམ་བྱས་ཏེ་རང་སྐྱོབ་ཧུར་ཐག་བྱེད་དགོས། རང་སྐྱོབ་བྱེད་པའི་རྩ་དོན་ལ་གཤམ་གསལ་གྱི་འདི་དག་ཡོད་དེ།

ལག་ཕྱིས་རློན་པ་དང་གྱོན་ཆས་གཞན་པའི་རས་ཀྱིས་ཁ་དང་སྣ། མགོ་བཅས་བཀབ་ནས་ཐལ་རྡུལ་གྱིས་དབུགས་མི་འགག་པར་བྱེད་པ་དང་། ཁང་པ་སྔར་ལས་རྡིབ་ནས་གནོད་འཚེ་མི་འབྱུང་བར་བྱེད་དགོས།

ལག་པ་དང་རྐང་པ་འགུལ་ནས་ངོ་གདོང་གི་ཐལ་རྡུལ་དང་ལུས་སྟེང་དུ་གནོན་པའི་དངོས་པོ་གཙང་སེལ་བྱེད་པ། མཐའ་འཁོར་གྱི་སྤོ་ཐུབ་པའི་དངོས་རྫས་ཀྱིས་ལུས་པོའི་སྟེང་གི་དངོས་པོ་ལྗིད་མོ་འདེགས་སྐྱོར་བྱས་ནས་སྔར་བས་རྡིབ་པར་སྔོན་འགོག་བྱེད་དགོས། འགུལ་སྐྱོད་བྱེད་རྒྱ་ཆེ་རུ་བཏང་ནས་མཁའ་རླུང་འདང་ངེས་ཤིག་རྒྱུན་འཁྱོངས་བྱེད་དགོས། མི་འགའ་ཞིག་དུས་མཉམ་དུ་ས་འོག་ཏུ་སྦས་སྐབས་ཕན་ཚུན་སྐུལ་མ་གཏོང་བ་དང་། ཐུན་མོང་ཐོག་འཆར་གཞི་བཟོ་བ། མཐུན་སྒྲིལ་གཞོགས་འདེགས་བཅས་བྱེད་དགོས་པ་དང་། དགོས་ངེས་སྐབས་ཉེན་ཁ་ལས་སྒྲོལ་བའི་བྱ་སྤྱོད་སྤེལ་ནས་འགྲོ་ལམ་འཚོལ་བ་དང་གསར་དུ་བཏོད་དེ་ཉེན་ཁ་ལས་གཡོལ་ཐབས་བྱས་ཏེ་འོད་སྣང་ལྡན་ལ་བདེ་འཇགས་ཀྱང་ཆེ་བའི་ཕྱོགས་སུ་སྤོ་དགོས། སྐབས་ཤིག་ཉེན་ཁ་ལས་ཐར་ཐབས་མེད་ན་ནུས་ཤུགས་གྲོན་ཆུང་གང་ཐུབ་བྱེད་དགོས་པ་སྟེ། གལ་ཏེ་ཚབ་སྤྱོད་དངོས་རྫས་དང་ཆུ་རྙེད་ཐུབ་ན། གྲོན་ཆུང་གིས་བེད་སྤྱོད་བྱེད་དགོས་པ་དང་། འཚོ་གནས་ཀྱི་དུས་ཚོད་རིང་དུ་བཏང་ནས་སྐྱོབ་ཐུབ་པར་སྒུག་དགོས། ལུས་སྟོབས་ཉར་ཚགས་བྱེད་དགོས་པ་ལས། རྨོངས་ཚོད་ཀྱིས་སྐད་ཆེན་པོས་འབོད་མི་རུང་། མཐའ་འཁོར་དུ་ཧ་ཅང་ལྷིང་འཇགས་ཡིན་པ་དང་། ཡང་ན་གོང(ཕྱི)ན་འགུལ་སྐྱོད་བྱེད་མཁན་ཡོད་པ་ཐོས་སྐབས། སོ་ཕག་དང་ལྕགས་སྦུག་སོགས་དངོས་པོས་གྱང་ལ་རྡུང་ནས་ཕྱི་རོལ་ལ་གནས་ཚུལ་བརྒྱུད་སྤྲོད་བྱེད་དགོས། ཐག་མི་རིང་བའི་སར་མི་ཡོད་པ་གཏན་འཁེལ་བྱས་རྗེས་སྐྱོབ་པར་འབོད་དགོས།

ཕན་ཚུན་རོགས་སྐྱོབ་ཞེས་པ་ནི་ཉེན་ཁ་ལས་ཐར་ཟིན་པའི་མི་དང་ཆེད་དུ་ཉེན་ཁ་མྱུར་སྐྱོབ་མི་སྣས་གྱང་རོའི་ནང་དུ་མནན་ཡོད་པའི་མི་སྐྱོབ་པར་ཟེར། ཉེན་ཁ་འཕྲད་མཁན་སྐྱོབ་ཆེད། གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས་ཏེ། སྔོན་ལ་ས་འོག་ཏུ་སྦས་མཁན་མང་བའི་ས་ཆ་སྐྱོབ་དགོས་པ་སྟེ། སྔོན་ལ་མང་ན་རྗེས་སུ་ཉུང་བ་ཞེས་པ་དེ་ཡིན། སྔོན་ལ་ཉེ་འགྲམ་དུ་སྦས་པའི་མི་སྣ་སྐྱོབ་པ་དེའང་སྔོན་ལ་ཉེ་བ་དང་རྗེས་སུ་རྒྱང་རིང་ཞེས་པ་དེ་ཡིན། སྔོན་ལ་སྐྱོབ་སླ་བའི་མི་སྣ་སྐྱོབ་རྒྱུ་དེའང་སྔོན་ལ་སླ་བ་དང་རྗེས་སུ་དཀའ་ཞེས་པ་དེ་ཡིན། སྔོན་ལ་རྨས་སྐྱོན་ཆུང་བ་དང་སྟོབས་ལྡན་མི་སྣ་སྐྱོབ་པ་དང་། སྐྱོབ་པའི་དཔུང་ཁག་རྒྱ་བསྐྱེད་པ་དེའང་སྔོན་ལ་ཡང་མོ་དང་རྗེས་སུ་ལྗིད་མོ་ཞེས་པ་དེ་ཡིན། གལ་ཏེ་སྨན་བཅོས་མི་སྣ་ས་འོག་ཏུ་མནན་ཚེ་སྔོན་ལ་སྐྱོབ་ཐབས་བྱས་ཏེ་མྱུར་སྐྱོབ་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། ས་འོག་ཏུ་མནན་པའི་མི་འཚོལ་དགོས།

ས་ཡོམ་བྱུང་རྗེས་འགོ་ནད་དང་། ཆུ་སྐྱོན། མེ་སྐྱོན་བཅས་སྔོན་འགོག་ནན་པོ་བྱེད་དགོས།

ཆེད་བསྐོས་མི་སྣ་མངགས་ནས་གེགས་སེལ་བཟའ་བཅའ་གསོག་འདྲེན་དང་བགོས་འགྲེམས་བྱེད་པར་ལྟ་སྐུལ་བྱས་ཏེ་ས་ཡོམ་བྱུང་རྗེས་ཀྱི་གེགས་སེལ་ལས་དོན་ཁྲོད་འཕྲོད་བསྟེན་རིམས་འགོག་ཡག་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།

ཐོག་མར་ནད་གཞི་ཁ་ནས་འཛུལ་གྱི་འགག་སྒོ་ཡག་པོ་སྲུང་དགོས། འཐུང་ཆུའི་ཆུ་འགོར་ཆེད་བསྐོས་མི་སྣས་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པ་དང་། ཁྲོན་པར་གཙང་བཤེར་དང་དུག་སེལ་བྱེད་དགོས། འཐུང་ཆུ་འཐུང་སྐབས་ཐོག་མར་གཙང་མ་བཟོ་བ་དང་དུག་སེལ་བྱེད་དགོས། ཆུ་ཁོལ་འཐུང་བའི་ཆ་རྐྱེན་བསྐྲུན་དགོས། གེགས་སེལ་ཟས་རིགས་གསོག་ཉར་དང་། སྐྱེལ་འདྲེན། བགོ་བཤའ་བཅས་ལ་ལྟ་སྐུལ་བྱེད་མཁན་ཆེད་མངགས་མི་སྣ་གཏོང་དགོས། གེགས་སེལ་བཟའ་བཅའ་དང་སྔོག་འདོན་བྱས་པའི་བཟའ་བཅའ་དག་ཞིབ་དཔྱད་ཚད་ལོན་རྗེས་གཞི་ནས་བཟའ་དགོས། ལས་ཁུངས་ཀྱི་ཟ་ཁང་དང་ཚོང་གཉེར་རང་བཞིན་གྱི་བཟའ་བཏུང་ཚོང་ཁང་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྦྲང་ནག་འགོག་པ་དང་གསོལ་ཆས་དུག་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་དགོས། འཆར་གཞི་ཡོད་པའི་སྒོ་ནས་སྟབས་བདེའི་སྦྲང་འགོག་གསང་སྤྱོད་བསྐྲུན་ནས་གཏན་འཇགས་ས་ཆར་གད་སྙིགས་སྤུངས་པ་མ་ཟད། གཙང་སྦྲ་རུ་ཁག་རྩ་འཛུགས་བྱས་ཏེ་དུས་ཐོག་ཏུ་གཙང་སེལ་བྱས་ནས་དམིགས་འཛུགས་ས་གནས་སུ་དབོར་ནས་གཅིག་གྱུར་ཐོག་གཙང་སེལ་བྱེད་དགོས།

དེ་ནས་སྦྲང་ནག་མེད་པར་བཟོ་དགོས། གཞི་རྒྱ་ཆེ་བའི་སྨན་གཏོར་དགོས་པ་དང་། རླངས་འཁོར་ལ་བརྟེན་ནས་སྲང་ལམ་དུ་སྨན་གཏོར་བ་དང་། སྨན་ཆུ་གཏོར་ཆས་ཀྱིས་ཁང་པའི་ནང་དུ་སྨན་གཏོར་བ་ལས། དུག་སྦྲང་ལ་སྐྱེ་འཕེལ་བྱེད་ས་མི་འཇོག་པར་བྱེད་དགོས། འདར་ནད་བྱུང་བའི་ས་ཁུལ་དུ་དུག་སྦྲང་སྔོན་འགོག་བྱ་རྒྱུར་ལྷག་པར་དུ་དོ་སྣང་བྱེད་དགོས། གལ་ཏེ་ནད་པ་གློ་བུར་དུ་ཚ་བ་རྒྱས་པ་དང་མགོ་ན་བ། སྐྱུགས་པ། སྐེ་སྲ་མོ་ཆགས་པ་སོགས་མཐོང་ཚེ། མྱུར་དུ་སྨན་པར་བསྟེན་ནས་སྨན་བཅོས་བྱེད་དགོས།

ཆུ་རགས་ཀྱི་བདེ་འཇགས་ལ་ལྟ་ཞིབ་ནན་པོ་བྱེད་པ་ཞེས་པ་ནི་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ཞེས་པ་ནི་གཙོ་བོ་ས་ཡོམ་བྱུང་རྗེས་ཆུ་སྐྱོན་དང་མེ་སྐྱོན་དང་དེ་བཞིན་དུག་ལྡན་རླངས་པ་མཆེད་པ་སོགས་ལ་ཟེར། ས་ཡོམ་བྱུང་རྗེས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས།

ཆུ་མཛོད་ཆེ་གྲས་དང་ཆུ་རགས་སོགས་ལ་སྔོན་ཚུད་ནས་ཡོམ་འགོག་ཞིབ་བཤེར་ཡག་པོ་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་བརྟན་དུ་གཏོང་དགོས། ཆུ་མཛོད་ཀྱི་སྨད་རྒྱུད་དུ་ཆུ་རགས་ཀྱི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ཉེན་ཁའི་གནས་ཚུལ་འཕྲད་ཚེ་སྟོབས་ཤུགས་རྩ་འཛུགས་ཀྱིས་མྱུར་སྐྱོབ་བྱེད་དགོས་པ་ཕུད་བདེ་འཇགས་ས་ཁུལ་དུ་མགྱོགས་མྱུར་གནས་སྤོ་བྱེད་དགོས། གལ་ཏེ་ས་ཡོམ་རི་ཁུལ་དུ་བྱུང་ན། རི་ཉིལ་བ་སོགས་ཀྱིས་ཆུ་ལམ་འགོག་ཉེན་ཡོད་པས། གནས་ཚུལ་དེ་རིགས་དང་འཕྲད་ཚེ། མྱུར་དུ་མི་རྩ་འཛུགས་བྱས་ནས་ཆུ་ལམ་བཤངས་ཏེ་ཆུ་སྐྱོན་མི་ཡོང་བར་བྱེད་དགོས། རི་ཁུལ་དུ་ད་དུང་གཡང་གཟར་གྱི་གྱང་ངོས་དང་རྒྱང་ཐག་རིང་པོར་གྱེས་ཏེ་རི་ཉིལ་བ་དང་རི་རྡིབ་པའི་སྐབས་སུ་མི་ལ་གནོད་འཚེ་མི་ཐེབས་པ་བྱེད་དགོས། ད་དུང་ཆུ་ཡུར་ཆེན་པོ་དང་ཆུ་རགས་ཀྱི་འགྲམ་གཉིས་ནས་ཁ་བྲལ་དགོས་ཤིང་། ས་ཆ་དེ་དག་ཏུ་འགྱེད་ཤུད་ཆེ་ཙམ་དང་རྡིབ་པའི་གནས་ཚུལ་འབྱུང་སླ།

གློག་ཁུངས་བཅད་ནས་མེ་ཁུངས་མེད་པར་བཟོ་བ་དེ་ས་ཡོམ་རང་ཉིད་དང་བསྡུར་ན་ས་ཡོམ་བྱུང་རྗེས་ཀྱི་མེ་སྐྱོན་དེ་བས་འཇིགས་སུ་རུང་བ་ཞིག་ཡིན་ཕྱིར་ཐོག་མར་གཤེར་འགྱུར་རླངས་པའི་གློག་སྒོ་བརྒྱབ་ནས་མེ་ཡི་འབྱུང་ཁུངས་མེད་པར་བཟོ་དགོས། གལ་ཏེ་འགྲུབ་ཐུབ་ན་ཉེན་གཡོལ་གྱི་སྐབས་སུ་སོལ་རླངས་ཀྱི་སྤྱིའི་གློག་སྒོ་རྒྱག་དགོས།

བཟོ་གྲྭར་ལས་ཀ་བྱེད་སྐབས་གལ་ཏེ་ས་ཡོམ་དང་འཕྲད་ན། ལས་ཀ་བྱེད་ས་ནས་ཉེན་གཡོལ་མ་བྱས་གོང་། གློག་ཁུངས་བཅད་ནས་མེ་ཁུངས་མེད་པར་བཟོ་བ་དང་། འཕྲུལ་འཁོར་འཁོར་སྐྱོད་བྱེད་མཚམས་འཇོག་དགོས། བཟོ་གཏེར་ཁེ་ལས་ནང་གི་འབར་སླ་བ་དང་། གས་སླ་བ། དུག་ཤེད་ཆེ་བ་སོགས་ཀྱི་དངོས་རྫས་ལ་ལྟ་ཞིབ་ནན་པོ་བྱེད་དགོས། ས་ཡོམ་བྱུང་སྐབས། གལ་ཏེ་དུག་ཤེད་ཆེ་བའམ་འབར་སླ་བའི་རླངས་གཟུགས་ཕྱིར་མངོན་པ་ཤེས་ཚེ། འཕྲལ་མར་མྱུར་བཟོ་བྱ་རྒྱུ་རྩ་འཛུགས་བྱེད་དགོས། དེ་མིན་དུས་རྒྱུན་འབར་སླ་བ་དང་གས་སླ་བའི་དངོས་རྫས་འཇོག་དགོས།


དཔྱད་གཞིའི་ཡིག་ཆ།